མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ལོ་རེའི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི60%ཟིན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-10-07 11:48:00 ཀློག་གྲངས།:

        ཉེ་ལམ་ཚོགས་པའི་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ཐོན་ལས་ཅན་དུ་བསྒྱུར་བའི་ཆེད་མཁས་པའི་བགྲོ་གླེང་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལྷ་རྒྱལ་ཚེ་བརྟན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་ལ་མཚོན་ན་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་མང་བའི་ས་ཁུལ་ཞིག་ཡིན་ལ། ལོ་རེར་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད་པ་དང་། ལོ་རེར་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ས་གནས་སོ་སོ་ལ་དབྱར་རྩྭ་དགུན་འབུ་ཏུན་བརྒྱད་ཅུ་ལྷག་ཕྱིར་འཚོང་བྱེད་བཞིན་ཡོད་པས། མཚོ་སྔོན་དཔལ་འབྱོར་ཞིབ་འཇུག་གླིང་གི་ཡོན་ཀྲང་ལིས་ཡུང་གིས་མཚོ་སྔོན་ནི་རྒྱལ་ཡོངས་ནས་མིང་དོན་མཚུངས་པའི་དབྱར་རྩྭ་དགུན་འབུའི་ཞིང་ཆེན་དང་པོར་གྱུར་ཡོད་ཅེས་བཤད་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།