ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནང་ཁེ་ལས་སྣ་ཚོགས་གོང་འཕེལ་འབྱུང་བཞིན་པ།
ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཨང47པ་དེ་རེད་ལ། བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་ཞིག་ཀྱང་རེད། གསར་སྤེལ་ཁུལ་དེ་བཙུགས་ཚུན་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་གོང་འཕེལ་གྱི་འགུལ་ཤུགས་དང་བོད་ཀྱི་དཔལ་འབྱོར་གྱི་འཕར་གནས་དང་སྐུལ་ཁྲིད་བྱེད་གནས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གང་སར་སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས་སྣ་ཚོགས་གོང་འཕེལ་བྱུང་བའི་རྣམ་པ་བཟང་པོ་མཐོང་རྒྱུ་ཡོད་པ་རེད།
ཆིས་ཧྲེང་ནི་དམངས་གཉེར་གྱི་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་མཁན་ཁེ་ལས་ཤིག་ཡིན་པ་དང་ཡུལ་སྐོར་གྱི་དུས་ཚིགས་སུ་སླེབས་པ་དང་བསྟུན་ནས་རིམ་བཞིན་ཁོང་ཚོས་ཐོན་སྐྱེད་བྱས་པའི་ཚགས་ཤ་སྐམ་པོར་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད། ཆིས་ཧྲེང་ཡུལ་ཟོག་ཚད་ཡོད་ཀུང་སིའི་ལས་འཛིན་ནོར་བུ་ཡོངས་གྲགས་ཀྱིས་ང་ཚོས་གསར་སྤེལ་ཁུལ་དུ་མ་འཇོག་བྱས་ཚུན་ཚོང་ཧ་ཅང་ཡག་པོ་འདུག ད་ལོའི་ཟླ་བ1པོ་ནས8པ་བར་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་ཚོ2500ལྷག་ཙམ་བྱུང་ཞེས་གསུངས་བྱུང་། ས་ཆ་དེ་གའི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པ་ཕུད་དམངས་གཉེར་ཁེ་ལས་ལ་མཐོ་གསར་ལག་རྩལ་ཁྱབས་ཁོངས་ནང་དུ་ཡང་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།
2011ལོའི་ཟླ8པ་བར་ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཁེ་ལས374ཐོ་འགོད་བྱས་ཡོད་པའི་ནང་དམངས་གཉེར་ཁེ་ལས352ཡོད་པ་དེས་ཁེ་ལས་སྤྱི་འབོར་གྱི་བརྒྱ་ཆ94.1ཟིན་གྱི་ཡོད་པ་དང༌། གསར་སྤེལ་ཁུལ་གྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར9.2 ཟིན་པའི་ནང་དམངས་གཉེར་ཁེ་ལས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར 8.21ཟིན་པ་དེས་བརྒྱ་ཆ89.2ཟིན་གྱི་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com