བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་དབུ་བརྙེས་པ།
བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ།
ཟླ10བའི་ཚེས18ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དང་། སྐབས་དང་པོའི་ཁོངས་མིའི་འཐུས་ཚོགས་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་ལགས་སྒོ་བྱང་འགེལ་བའི་མཛད་སྒོར་ཕེབས་པ་མ་ཟད་ཤིས་ཚིག་ཀྱང་ཕུལ་པ་རེད།
སྐལ་བཟང་ཚེ་རིང་གིས་མཐུན་ཚོགས་དེ་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་ལྟ་བུ་ཞིག་ཏུ་འགྱུར་བར་བྱེད་པ་དང་། འབྲེལ་ཡོད་སྲིད་གཞུང་གི་འགན་ནུས་ཚན་ཁག་དང་གཞོགས་འདེགས་སྒོས་དབྱར་རྩྭ་དགུན་འབུ་རྐོ་འཐུ་དང་ཁྲོམ་རའི་འཁོར་རྒྱུག་མ་ལག་སྔར་ལས་འཐུས་སྒོ་ཚང་དུ་བཏང་ནས། བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་གྱི་ཁྱད་འཕགས་ཐོན་ཁུངས་ལ་སྲུང་སྐྱོབ་ནུས་ལྡན་བྱེད་ཅིང་། ཁྲིམས་འཛིན་ཚན་པ་དང་མཉམ་དུ་ཁྲིམས་ལྟར་ཁྲིམས་འགལ་ཚོང་པར་རྡུང་རྡེག་གཏོང་བ་དང་ཐོན་ལས་བྱ་སྤྱོད་ཚད་ལྡན་དུ་བཟོ་བ། ཁོངས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་ཐོན་ལས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཐོག བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་སྙན་གྲགས་དང་དཔལ་འབྱོར་རིན་ཐང་ཆེ་རུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com