ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་ཚུལ་བཟང་བ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2011-10-23 11:28:00 ཀློག་གྲངས།:

         ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནན་ཏན་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱིས་བོད་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་རབ་དང་རིམ་པ་དངོས་འབེབས་བྱས་ཤིང་། རིག་ལམ་གསར་འབྱེད་དང་དངོས་འཛིན་དངོས་སྒྲུབ་རྒྱུན་འཁྱོངས་བྱས་པས། དུས་ཚིགས་སྔོན་མ་གསུམ་གྱི་དཔལ་འབྱོར་འཕེལ་ཚུལ་ཅུང་བཟང་བོ་བྱུང་།
         དུས་ཚིགས་སྔོན་མ་གསུམ་གྱི་ནང་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལྷག་ལ་བསླེབས་པ་དང་། མཉམ་ལས་བརྒྱ་ཆའི་བཅུ་བཞི་ལྷག་འཕར་བ་དང་། ནོར་སྲིད་ཡོང་སྒོ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ལྷག་ལེགས་གྲུབ་བྱུང་ཞིང་། དེ་དུས་མཉམ་ལས་བརྒྱ་ཆའི་དྲུག་ཅུ་ལྷག་འཕར། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་མོ་དུང་ཕྱུར་བཅུ་བདུན་ལྷག་ལེགས་གྲུབ་བྱུང་ཞིང་། མཉམ་ལས་བརྒྱ་ཆའི་བརྒྱ་དང་གོ་གཉིས་ལྷག་འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་འཚོང་བྱས་པའི་སྤྱི་གྲངས་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ལྷག་མངོན་འགྱུར་བྱུང་ཞིང་། མཉམ་ལས་བརྒྱ་ཆའི་བཅུ་དགུ་ལྷག་འཕར། ཞིང་ཕྱུགས་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་མོ་དུང་ཕྱུར་གཅིག་ལྷག་མངོན་འགྱུར་བྱུང་ཞིང་། དེ་དུས་མཉམ་ལས་བརྒྱ་ཆའི་དྲུག་ལྷག་འཕར། རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་གཅིག་དང་དྲུག་བརྒྱ་སུམ་ཅུ་ལ་བསླེབས་པ་དང་། མཉམ་ལས་བརྒྱ་ཆའི་བཅུ་བདུན་ལྷག་འཕར་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།