མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གི་ཁྱད་ཆོས་ཅན་གྱི་ཞིང་ལས་ལོ་ཏོག་གི་ཡོང་སྒོ་འཕར་བ།
ད་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གིས་འབད་བརྩོན་ཆེན་པོས་ས་མུའུ་ཁྲི་ཡི་སྟེང་དུ་སྲན་མའི་རིགས་འདེབས་པ་དང་ས་མུའུ་སྟོང་གི་སྟེང་དུ་ཞོག་ཁོག་འདེབས་པའི་འདེབས་འཛུགས་རྟེན་གཞི་གསར་སྐྲུན་བྱས་ཏེ། ལས་གཞི་ས་ཁུལ་གྱི་མང་ཚོགས་རྣམས་ལ་ཡོང་སྒོའི་ལམ་བུ་གསར་བ་ཞིག་ཕྱེས།
ཡུལ་དངོས་སུ་དཔྱད་འཇོག་བྱས་པ་བརྒྱུད། མང་རྫོང་གི་ཁྱད་ཆོས་ཅན་གྱི་ཞིང་ལས་ལོ་ཏོག་འདེབས་འཛུགས་ལས་གཞིའི་ས་ཁུལ་གྱི་སྲན་མའི་ཡོང་སྒོ་དེ་མུའུ་རེ་ནས་ཆ་སྙོམས་ཀྱིས་རྒྱ་མ་བརྒྱད་བརྒྱ་རེ་ཐོན་ཞིང་། ཞོག་ཁོག་མུའུ་རེ་ནས་ཆ་སྙོམས་ཀྱིས་རྒྱ་མ་སྟོང་བཞི་དང་ལྔ་བརྒྱ་རེ་ཐོན་ཡོད། དེ་ན་ནིང་གི་ཉོ་བསྡུའི་རིན་གོང་ལྟར་བརྩིས་བརྒྱབ་ན་མུའུ་རེའི་སྲན་མའི་ཡོང་སྒོ་དེ་སྒོར་མོ་སྟོང་གཉིས་དང་བཞི་བརྒྱ་ཡིན་ལ་དེ་གྲོ་ནས་འདེབས་པའི་ཡོང་སྒོ་དང་བསྡུར་ན་སྒོར་མོ་སྟོང་གཅིག་དང་སུམ་བརྒྱ་བརྒྱད་ཅུ་ཡིས་འཕར་སྣོན་བྱུང་ཞིང་། ཞོག་ཁོག་མུའུ་རེའི་ཡོང་སྒོ་སྒོར་མོ་སྟོང་གཉིས་དང་བདུན་བརྒྱ་ཡིན་པ་དང་། དེ་གྲོ་ནས་བཏབ་པའི་ཡོང་སྒོ་དང་བསྡུར་ན་སྒོར་མོ་སྟོང་གཅིག་དང་དྲུག་བརྒྱ་བརྒྱད་ཅུ་ཡིས་འཕར་སྣོན་བྱུང་ཡོད་པས། ཁྱད་ཆོས་ཅན་གྱི་ཞིང་ལས་ལོ་ཏོག་ས་ཁུལ་གྱི་མང་ཚོགས་ཀྱི་ཡོང་སྒོ་དེ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དྲུག་ཁྲི་དྲུག་ལ་བསླེབས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com