བཟོ་རྩལ་ཁྱད་དུ་འཕགས་པའི་བོད་ལུགས་ས་གདན།
ཁྱད་དུ་འཕགས་པའི་བོད་ལུགས་ས་གདན།
བོད་ལུགས་ས་གདན་ནི་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པའི་མདོ་དབུས་མཐོ་སྒང་གི་མི་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིག་ཡིན་པ་རེད། ས་གདན་ལས་སྣོན་བྱེད་པའི་བརྒྱུད་རིམ་ལ་བལྟས་རྗེས་བོད་ལུགས་ས་གདན་ནི་ཚོང་རྫས་རྐྱང་རྐྱང་ཞིག་མ་ཡིན་པར་བི་ཤྭ་ཀརྨའི་རྩལ་ལས་ཐོན་པ་ལྟ་བུའི་ཁྱད་དུ་འཕགས་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་པ་རྟོགས་ཐུབ།
ལྷོ་ཁའི་སྣེ་གདོང་ས་གདན་བཟོ་གྲྭ་ནི1974ལོར་བཙུགས་པ་དང་སྣེ་གདོང་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཁོངས་གཏོགས་ཀྱི་ཐུན་མོང་གི་ཁེ་ལས་ཞིག་ཡིན། བཟོ་གྲྭ་འདི་ཐོག་མའི་འཁོར་སྐྱོད་མ་དངུལ་སྒོར500ནས་འཕེལ་རྒྱས་བྱུང་སྟེ་ད་ལྟ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི214ཡོད་པ་དང་། ལས་བཟོ་བ་སྔོན་མའི་མི10ནས་ད་ལྟའི་མི450ལ་འཕེལ་ཞིང་། “རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་མཁོ་ཆས་ལས་ཕུལ་བྱུང་ཐོན་རྫས”སུ་བདམས་ནས་ཨ་རི་དང་། ཡོ་རོབ་གླིང་། ཉི་ཧོང་སོགས་ཕྱིའི་རྒྱལ་ཁབ་ཏུ་ཕྱིར་འཚོང་བྱེད་བཞིན་ཡོད་པ་རེད།
སྣེ་གདོང་ས་གདན་བཟོ་གྲྭ་དེ་སྒོར་དུང་ཕྱུར་མང་པོ་འཁོར་རྒྱུག་བྱེད་པའི་བཟོ་གྲྭ་དག་དང་བསྡུར་ན་བར་ཐག་ཅུང་ཆེ་མོད་ཀྱང་། བཟོ་གྲྭ་དེའི་འགོ་གཙོ་རྣམ་དགའ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར་ཚོང་རའི་ས་གདན་གྱི་མཁོ་འདོད་དེ་ལས་སྣོན་བྱས་ཚད་ལས་བརྒལ་བའི་རྣམ་པ་བཟང་བོ་ཞིག་ཆགས་འདུག་པས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པོ་ཞིག་ཡོད་པར་མ་ཟད། སྣེ་གདོང་ས་གདན་བཟོ་གྲྭའི་ཐོན་རྫས་ཀྱི་སྙན་པ་ནི་དབྱར་རྔའི་ཟླ་བཞིན་དར་ཞིང་རྒྱས་པས། 2008ལོའི་ཟླ12བའི་ནང་དུ་བོད་རང་སྐྱོང་ལྗོངས་ཀྱི“ཚོང་རྟགས་གྲགས་ཅན”གྱི་མཚན་སྙན་གསོལ། དེ་མིན་ད་ལོའི་ཟླ6པར་རྒྱལ་ཡོངས་ཀྱི་ལག་ཤེས་ལས་རིགས་སྤྱིའི་མཉམ་ལས་ཁང་གིས་གནང་བའི“རྒྱལ་ཡོངས་ཐུན་མོང་དཔལ་འབྱོར་གྱི་སྔོན་ཐོན་མཉམ་འབྲེལ་ཚོགས་པའི”མཚན་སྙན་ཐོབ་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com