སྐབས་དང་པོའི་གཙང་གི་དངོས་ཟོག་བརྗེ་རེས་ཚོང་ཚོགས་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-12 10:58:00 ཀློག་གྲངས།:


སྐབས་དང་པོའི་གཙང་གི་དངོས་ཟོག་བརྗེ་རེས་ཚོང་ཚོགས་ཀྱི་ཡུལ་དངོས།

སྐབས་དང་པོའི་གཙང་གི་དངོས་ཟོག་བརྗེ་རེས་ཚོང་ཚོགས་སྟེང་གི་རྒྱུད་དྲུག་པུ་ཝང་།

  ཟླ12བའི་ཚེས10ཉིན། སྐབས་དང་པོའི་གཙང་གི་དངོས་ཟོག་བརྗེ་རེས་ཚོང་ཚོགས་གཞིས་ཀ་རྩེ་ས་ཁུལ་གྱི་ལྷ་རྩེ་རྫོང་ནས་འགོ་བརྩམས་པ་རེད། གཞིས་ཀ་རྩེའི་རྫོང་དགུ་ནས་ཡོང་བའི་རོང་འབྲོག་མང་ཚོགས་ཀྱིས་སོ་སོའི་ཡུལ་ཁོངས་ཀྱི་ཐོན་རྫས་འཁྱེར་ནས་ལྷ་རྩེ་རྫོང་ལྟེ་བའི་ཐང་ཆེན་གྱི་ཁྲོམ་ཚོགས་སུ་ཞུགས།
  དངོས་ཟོག་བརྗེ་རེས་ཚོང་ཚོགས་སྟེང་མཚར་དུ་དངར་བའི་ཚོང་རྫས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཅིང་དུས་སྟོན་ཆེན་མོ་ཞིག་རོལ་བ་དང་མཚུངས་པར་གང་ས་གང་དུ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་འདུག  བོད་ལྷམ་དང་། པང་གདན། བོད་ལྭ། བོད་གྲི་སོགས་ས་གནས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཐོན་རྫས་དང་ཞིང་ཕྱུགས་ཐོན་རྫས་ཀྱིས་མི་ཚོགས་མང་བོ་མ་གྲོས་རང་མཐུན་གྱི་ཕྱོགས་དེར་འཛོམས་ནས་སོ་སོའི་མཁོ་ཆས་ཉོ་འཚོང་བྱེད་བཞིན་ཡོད་པ་རེད།


ཚོང་རྫས་བཙོངས་རྗེས་སྒོར་རྩི་བཞིན་པ།

རོང་འབྲོག་མང་ཚོགས་ཀྱིས་བཟོས་པའི་སྲོལ་རྒྱུན་བོད་ལྷམ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།