མང་རྫོང་མང་ཆུ་གྲོང་རྡལ་ཤ་རྭ་སྡེ་བའི་སྡེ་གཅིག་སྣ་གཅིག་བོད་ཀྱི་གཙགས་དྲུབ་ལས་གཞིའི་འགོ་བཙུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-20 10:53:00 ཀློག་གྲངས།:
  ཉེ་བའི་ལོ་ནང་བོད་ཀྱི་གཙགས་དྲུབ་ཐོན་ལས་དེ་མང་རྫོང་རོང་འབྲོག་ཁུལ་གྱི་བུད་མེད་རྣམས་ཀྱི་ཡོང་སྒོ་ཇེ་མང་དང་ངལ་རྩོལ་བ་ལྷག་མ་ཡུལ་གཞན་དུ་སྤོ་བའི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་ཞིང་། རོང་འབྲོག་ཁུལ་གྱི་བུད་མེད་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་འབྲོག་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པའི་ཁྱད་ཆོས་གསར་བ་ཞིག་ཏུ་གྱུར་འདུག དེ་ལས་མང་ཆུ་གྲོང་རྡལ་གྱི་བུད་མེད་རྣམས་ནི་མང་རྫོང་བོད་ཀྱི་གཙགས་དྲུབ་ཐོན་ལས་ཀྱི་མེད་དུ་མི་རུང་བའི་དཔུང་ཤུགས་གཙོ་བོ་ཞིག་ཡིན་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་སྡེ་གཅིག་སྣ་གཅིག་གི་བོད་ཀྱི་གཙེགས་དྲུབ་ལས་གཞི་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤ་རྭ་སྡེ་བའི་བུད་མེད་མང་ཚོགས་གི་དོན་དངོས་ཀྱི་རེ་འདོད་ལྟར་གོང་དུ་ཞུས་ནས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག  ཞིང་ཆེན་ཞིང་ཕྱུགས་ལས་ཐིན་གྱིས་བརྩོན་ལེན་བྱས་པའི་ནོར་སྲིད་རྒྱབ་སྐྱོར་ལས་གཞི་ཞིག་ཡིན་ཞིང་། ལས་གཞིའི་མ་དངུལ་ལ་སྒོར་ཁྲི20ཡོད་པ་རེད། ད་ལོའི་ཟླ་བརྒྱད་པའི་ནང་ལས་གཞིའི་ལག་བསྟར་འཆར་བཀོད་ཆོག་མཆན་ཐོབ་རྗེས། མིག་སྔའི་བར་དུ་སྡེ་བར་དཔར་ཆས་དང་། གློག་ཀླད། གོས་སྐུད། སྐྱོ་སྦྱར་མཛེས་བཟོས་རྒྱུ་ཆ་སོགས་མང་པོ་ཉོས་པར་མ་ཟད། སྐྱོ་སྦྱར་མཛེས་བཟོ་བ་དང་དཔར་ལས་མི་སྣ་སོགས་གསོ་སྦྱོང་བྱས་ཤིང་། ལས་གཞི་འདིས་སྡེ་བའི་བུད་མེད་མ་མཐའ་ཡང100ལྷག་ལ་བོད་ཀྱི་གཙགས་དྲུབ་ལག་རྩལ་ཐད་གསོ་སྦྱོང་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།