མཚོ་ལྷོ་ཁུལ་གྱིས་མིང་གྲགས་ཁེ་ལས་ཀྱི་གཟེངས་བསྟོད་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-28 14:34:00 ཀློག་གྲངས།:


ཚོགས་ཞུགས་འགོ་ཁྲིད་རྣམ་པ།
  

           ཟླ12བའི་ཚེས27ཉིན།  མཚོ་ལྷོ་ཁུལ་མིང་གྲགས་ཁེ་ལས་ཀྱི་གཟེངས་བསྟོད་ཚོགས་འདུ་མཚོ་ལྷོ་ཁུལ་སྲིད་གཞུང་གི་ཚོགས་འདུ་ཐོག་ཁང་དུ་ཚོགས་ཤིང་།  མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་ཡི་འགོ་གཙོ་གཞོན་པ་ཧན་ཡུ་ལིན་དང་།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་གསེར་མཚོ།  མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཉིན་ཁི་ཕིན།  ཁུལ་སྲིད་གྲོས་ཀྲུའུ་ཞི་ཝུན་ཧྭ་ཁྲུན།  ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ལིན་ཆིན་ཅི་སོགས་འགོ་ཁྲིད་དང་།   ཁུལ་མིང་གྲགས་ཁེ་ལས་ཀྱི་འཐབ་ཕྱོགས་ཡར་སྐུལ་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་འགན་ཁུར་བ།  རྫོང་སོ་སོའི་སྲིད་གཞུང་གི་འགན་འཛིན་རྫོང་དཔོན་གཞོན་པ་དང་རྫོང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།  བཟོ་ཚོང་ཅུའུ། སྤུས་ལེགས་ཞིབ་བཤེར་ཅུའུ་སོགས་ཀྱི་འགན་ཁུར་བ་རྣམས་ཐེངས་འདིའི་ཚོགས་འདུ་ལ་ཞུགས་པ་རེད། 


ཀྲུང་གོའི་མིང་གྲགས་ཚོང་བྱང་དང་མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཚོང་བྱང་ལྡན་པའི་ཁེ་ལས་གསུམ།

           ཚོགས་ཐོག་ཏུ་ཀྲུང་གོའི་མིང་གྲགས་ཚོང་བྱང་དང་།  མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཚོང་བྱང་།  མཚོ་ལྷོ་ཁུལ་གྱི་མིང་གྲགས་ཚོང་བྱང་བཅས་ལྡན་པའི་ཁེ་ལས13ལ་གཟེངས་བསྟོད་བྱས་ཤིང་།  དེ་ལས་ཀྲུང་གོའི་མིང་གྲགས་ཚོང་བྱང་ཅན་ནི་མཚོ་སྔོན་ཨ་ཆེན་གངས་རྒྱབ་ཤ་ཟས་ཚད་ཡོད་ཀུང་ཟི་དང་།  མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཚོང་བྱང་ཅན་ནི་ཁྲི་ཀ་རྫོང་ཁྲི་ཀའི་བསིལ་ཆང་ལས་རིགས་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་སྣུམ་རྫས་ལས་རིགས་ཚད་ཡོད་ཀུན་ཟི།  མཚོ་ལྷོ་ཁུལ་གྱི་མིང་གྲགས་ཚོང་བྱང་ཅན་གྱི་ཁེ་ལས་ནི་དྲི་ཞིམ་བདུག་སྤུས་ཚད་ཡོད་ཀུང་ཟི་དང་ཁྲི་ཀ་རྫོང་བྱེ་བཟོ་ཁང་།  བྲག་དཀར་རྫོང་དུང་དཀར་མགྲོན་ཁང་སོགས་ཁེ་ལས10འདུས་པ་རེད། 


མཚོ་ལྷོ་ཁུལ་གྱི་མིང་གྲགས་ཚོང་བྱང་ཅན་གྱི་ཁེ་ལས།

           འདིར་ཀྲུང་གོའི་མིང་གྲགས་ཚོང་བྱང་དང་མཚོ་སྔོན་ཞིང་ཆེན་གྱི་མིང་གྲགས་ཚོང་བྱང་ལྡན་པའི་ཁེ་ལས་ལ་གཟེངས་ཐོན་དཔང་ཡིག་དང་སྒོར་ཁྲི2རེ་གནང་བ་དང་།  མཚོ་ལྷོ་ཁུལ་གྱི་མིང་གྲགས་ཚོང་བྱང་ཅན་གྱི་ཁེ་ལས་ལ་གཟེངས་ཐོན་དཔང་ཡིག་དང་སྒོར་ཁྲི1རེ་བཅས་གནང་བ་རེད། 


མཚོ་ལྷོ་ཁུལ་གྱི་མིང་གྲགས་ཚོང་བྱང་ཅན་གྱི་ཁེ་ལས།

           ཚོགས་ཐོག་ཏུ་ཁུལ་དཔོན་གཞོན་པ་ཉིན་ཁི་ཕིན་གྱིས་མིང་གྲགས་ཚོང་བྱང་ཐོབ་མཁན་གྱི་ཁེ་ལས་དག་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག    མུ་མཐུད་དུ་ཁེ་ལས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་།  མཚོ་ལྷོ་ས་ཁུལ་གྱི་མི་རིགས་ཁྱད་འཕགས་ཐོན་རྫས་སྲུང་སྐྱོབ་སྒོས་ཁེ་ལས་ཀྱི་མཚན་སྙན་གྲགས་དང་ཁེ་ལས་ཀྱི་རྣམ་པ་ལེགས་པོར་གཏོང་བ།  དེ་མིན་མཚོ་ལྷོའི་མིང་གྲགས་ཁེ་ལས་འཕེལ་རྒྱས་ཀྱི་སྣང་བརྙན་གསར་བ་དང་། གྲུབ་འབྲས་གསར་བ།  སྐྱེས་སྟོབས་གསར་བ་བཅས་ཡོངས་སུ་མངོན་པར་བྱེད་དགོས་ཟེར། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།