སི་ཁྲོན་གཟི་ཚ་སྡེ་དགུས་རྒྱལ་སྤྱི་ལ་ཕུལ་བྱུང་ཡུལ་སྐོར་ཐོན་ཁུངས་མཚམས་སྦྱོར་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-01-12 10:55:00 ཀློག་གྲངས།:


ཚོགས་འདུ་ཡུལ་དངོས།

          ཉེ་ལམ།  རྔ་བ་ཁུལ་གནས་སྐོར་ཅུའུ་དང་གཟི་ཚ་སྡེ་དགུ་དོ་དམ་ཅུའུ་གཉིས་ཀྱིས་མཉམ་དུ་འགན་སྒྲུབ་གནང་བའི“བདེ་ལྡན་རྔ་བ།  མཛེས་སྡུག་གི་ཡུལ་གྲུ”ཞེས་པའི2012ལོའི་རྒྱལ་སྤྱིིའི་གནས་སྐོར་མཚམས་སྦྱོར་ཚོགས་འདུ་དེ་གཟི་ཚ་སྡེ་དགུའི་ཤི་ལབ་ཏིན་རྒྱལ་སྤྱི་ཆང་གསོལ་ཁང་དུ་ཚོགས་པ་རེད།
          དབྱིན་ཇིའིWendy Wu Toursདང་ཨ་རིའིWendy Wu Tour། Humming fishརྩ་འཛུགས།  Bike Cina། ཁོ་རི་ཡའིHANATOUR། ཉི་ཧོང་ཀྲུའུ་ཧྲི་ཧོས་ཧྲིག་པན་ཅི་འགྲིམ་འགྲུལ་ཁང་།  དེ་མིན་ཤང་ཀང་ཡུན་ཏུང་གནས་སྐོར་སྣེ་ལེན་ཁང་སོགས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་སྣེ་ལེན་ཁང110ལྷག་གི་ཚབ་བྱེད་མི་སྣ་ཐེངས་འདིའི་མཚམས་སྦྱོར་ཚོགས་འདུར་ཞུགས་པ་རེད། 
          རྔ་བ་ཁུལ་གནས་སྐོར་ཅུའུ་དང་།  གཟི་ཚ་སྡེ་དགུ་གནས་སྐོར་ཅུའུ།  ཀྲུང་གོའི་རྒྱལ་སྤྱི་མཁའ་སྐྱོད་ཀུན་ཟི་སོགས་ལས་ཁུངས་ཀྱི་ཚབ་བྱེད་པས་ཚོགས་འདུའི་སྟེང་མཚམས་སྦྱོར་བྱ་བ་གནང་ཞིང་།  གཟི་ཚ་སྡེ་དགུ་དོ་དམ་ཅུའུ་ཡིས2011ལོར་གཟི་ཚ་སྡེ་དགུའི་གནས་སྐོར་བའི་གྲངས་ཚད་ཨང་བཅུ་པའི་སྔོན་གྱི་གནས་སྐོར་སྣེ་ལེན་ཁང་དག་ལ་དགའ་རྟགས་གནང་བ་དང་། སི་ཁྲོན་ཞིང་ཆེན་ཆིན་ལུའུ་གནས་སྐོར་སྣེ་ལེན་ཁང་ཨང་དང་པོ་ཡིན་པས་གཟི་ཚ་སྡེ་དགུ་མཛེས་ལྗོངས་ས་ཁུལ་གྱི་སྒོ་འཛུལ་འཛིན་བྱང2000ཐོབ་པ་རེད། 
          ཚོགས་འདུའི་སྟེང་།  གཟི་ཚ་སྡེ་དགུ་དོ་དམ་ཅུའུ་ཡིས་ཁོ་རི་ཡའིHANATOURདང་ཉི་ཧོང་ཀྲུའུ་ཧྲི་ཧོས་ཧྲིག་པན་ཅི་འགྲིམ་འགྲུལ་ཁང་གཉིས་ལ་མཉམ་འབྲེལ་གྱི་གྲོས་མཐུན་ཡི་གེ་བཞག་ཅིང་། ལྷན་དུ་གཟི་ཚ་སྡེ་དགུའི་གནས་སྐོར་ཚོང་ར་རྒྱ་བསྐྱེད་པར་གྲོས་མཐུན་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།