མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྔོ་ཚལ་ཁྲོམ་རའི་རིན་གོང་བརྟན་འཇགས་ཡིན་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་དངོས་ཟོག་རིན་གོང་སྡེ་ཁག་གིས་ཧུར་བརྩོན་སྒོས་དངོས་གོང་ཚོད་འཛིན་བྱས་པའི་ནོར་སྲིད་ཆེད་བཀོལ་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གཅིག་ཁྲི་བཞི་དང་། ཤ་ཏུན་དྲུག་བརྒྱ་དང་སོ་ལྔའི་རིན་གོང་ལ་སྲིད་གཞུང་གི་གཏན་ཁེལ་བྱས་ཏེ་གསོག་འཇོག་བྱས་ཤིང་། ཧུར་བརྩོན་གྱི་ལུགས་རྙིང་ལོ་གསར་དང་ལུགས་གསར་ལོ་གསར་གཉིས་ཀྱི་སྔོ་ཚོད་རིན་གོང་བརྟན་འཇགས་ཡོང་བ་ཁག་ཐེག་བྱས།
དགུན་ཉི་ལྡོག་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲོམ་ར་འདུག་སའི་གནས་ལ་རིན་པ་མེད་པར་བྱས་ཏེ། སྔོ་ཚལ་ཁྲོམ་ར་ནས་གཞུང་བཅད་རིན་གོང་གི་སྔོ་ཚལ་བཙོང་ས་བཙུགས་ཤིང་། འགྲོ་གྲོན་ཚང་མ་མེད་པར་བཟོས་པ་དང་། སྔོ་ཚལ་ཐད་འཚོང་ཁུལ་གྱི་ལམ་ལུགས་ཇེ་ཡངས་སུ་བཏང་བ་དང་། ཐད་འཚོང་ཚད་ཇེ་མང་དུ་བཏང་བའི་དུས་མཚུངས་སུ་དངོས་གོང་སྡེ་ཁག་གི་ཧུར་བརྩོན་གྱི་ཞིང་ལས་ཐོན་རྫས་རིན་གོང་ལ་དབྱེ་ཞིབ་བྱས་ཏེ་རིན་གོང་འགྱུར་བའི་གནས་ཚུལ་ལ་ཞིབ་གཤེར་བྱས་ནས་དེའི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་། ཐབས་ཇུས་བཏོན་ནས་དུས་ལྟར་ཁྲོམ་རའི་རིན་གོང་འགྱུར་བ་སྒྲོག་པ་བཅས་བྱས་ནས་སྲིད་གཞུང་གི་ཚོད་འཛིན་བྱས་པའི་རིན་གོང་དང་། དམངས་འཚོ་འགན་སྲུང་སོགས་ལ་བྱེད་ཐབས་བཏོན་ནས་མི་དམངས་མང་ཚོགས་ཀྱི་རྗེས་དཔག་གི་སྒོ་ནས་ཁྲོམ་རའི་རིན་གོང་གི་འགྱུར་བར་བལྟས་པ་རེད།
ཁུལ་ཡོངས་ཀྱི་རྫོང་སོ་སོ་ནས་སྡོད་དམངས་འཚོ་བའི་ངེས་མཁོ་རིན་གོང་གི་ལམ་ལུགས་ཡར་ཞུ་བྱེད་པའི་དུས་མཚུངས་སུ་གསལ་འདེབས་དང་། བསླབ་བྱ་གནང་བ། དུས་ཆད་བཏང་ནས་ཁ་བརྡ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཁྲོམ་རའི་རིན་གོང་ལ་ལྟ་སྐུལ་དོ་དམ་བྱས་པ་རེད། བཟོ་ཚོང་དང་དངོས་ཟོག་རིན་གོང་། སྤྱི་བདེ། ཉོ་འཚོང་སོགས་ཀྱི་སྡེ་ཁག་ནས་མཉམ་འབྲེལ་ཁྲིམས་འཛིན་ཞིབ་གཤེར་བྱས་ནས་གཙོ་གནད་བཅོས་སྐྱོང་སོགས་བྱས་ནས་རྒྱུན་ལྡན་གྱི་ཁྲོམ་རའི་བརྗེ་རེས་གོ་རིམ་ལ་སྲུང་སྐྱོབ་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com