མཚོ་ལྷོ་ཁུལ་མང་རྫོང་བོད་ཀྱི་གཙགས་དྲུབས་ཐོན་ལས་ཀྱིས་རོང་འབྲོག་བུད་མེད་ཕྱུག་འགྱུར་གྱི་ལམ་ལ་སྐྱེལ་བ།
སྡེ་བའི་བུད་མེད་རྣམས་ཀྱི་གཙགས་དྲུབས་ཀྱི་ལས་ལ་འབད་བཞིན་པ།
ཉེ་བའི་ལོ་འགའི་ནང་། བོད་ཀྱི་གཙགས་དྲུབས་ཕ་ས་ཞེས་མཚན་སྙན་རྒྱས་པའི་མཚོ་ལྷོ་མང་རྫོང་གིས་བོད་ཀྱི་གཙགས་དྲུབས་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་གནང་ཞིང་། མི་མཐུན་པའི་ཚོང་རའི་རིམ་གྲས་དགོས་མཁོ་ལ་དམིགས་ཏེ་ཨ་མདོ་བོད་ཀྱི་སྲོལ་རྒྱུན་གཙགས་དྲུབས་སྒྱུ་རྩལ་སྔོག་འདོན་བྱེད་པ་དང་། ཚན་ཞིབ་གསར་གཏོད་བརྒྱུད་མང་རྫོང་གཙགས་དྲུབས་ལ་མཛེས་སྡུག་གི་གཟི་དཔལ་བསྣན་ཡོད་པ་རེད།
དམངས་ཁྲོད་སྒྱུ་རྩལ་པ་རྡོ་རྗེ་མཚོའི་སྣེ་ཁྲིད་འོག བྱ་མདོ་ཡུལ་ཚོ་གོ་རའི་མདོ་སྡེ་བར་སྔ་གཞུག་ཏུ་ཁྱིམ་པའི་གཙགས་དྲུབས་ཆེད་ལས་མི་སྣ་སྐོར་ཞིག་བསྐྱེད་བསྲིངས་བྱས། རྡོ་རྗེ་མཚོའི་གཙགས་དྲུབས་བརྩམས་ཆོས་ནི་ཁུལ་ཕྱི་ནང་དང་ཐ་ན་ཞིང་ཆེན་ཕྱི་ནང་ཀུན་ཏུ་སྙན་གྲགས་རྒྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མི་སྒེར་འགྲེམ་སྟོན་བྱ་འགུལ་གང་མང་ལས་གོང་རིམ་པའི་བྱ་དགའ་མང་པོ་ཐོབ་མྱོང་། ཁོ་མོས་དམངས་ཁྲོད་རིག་གནས་སྔོག་འདོན་དང་། སྡེ་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་ཁ་སྣོན་བཅས་བྱེད་ཆེད། ཕྱི་ཕྱོགས་སུ་ལས་ཀར་འགྲོ་མི་ཐུབ་པའི་བུད་མེད་རྣམས་གསོ་སྦྱོང་སྒོས་ཁྱིམ་ལས་ལ་གཞོལ་བ་དང་ལྷན་དུ་བོད་ཀྱི་གཙགས་དྲུབས་གཙོ་བྱས་ནས་དཔལ་འབྱོར་ཡོང་ཁུངས་མཐོར་འདེགས་སུ་བཏང་། བུད་མེད་ཁ་ཤས་ཤིག་ལ་གསོ་སྦྱོང་བྱས་རྗེས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་ལས་བརྒལ་གྱི་ཡོད་པར་བཤད། དེའི་མཚུངས་སུ་བོད་ཀྱི་གཙགས་དྲུབས་གནས་གཞི་འཛུགས་པར་མོས་རང་འགུལ་སྒོས་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་སྒྲིག་ཆས་སྐོར་ཞིག་དངོས་འབེབས་བྱེད་པ་ཐུབ་པ་བྱུང་།
རྒྱང་རིང་བའི་འཆར་གཞི་གླེང་དུས། མོས་བཤད་རྒྱུར“རང་ཉིད་ཀྱི་ནུས་རྩལ་དག་བུད་མེད་གང་མང་ལ་གནང་རྒྱུ་དང་ཁོ་ཚོས་དེ་ལས་ཁེ་བཟང་ལེན་ཐུབ་པར་བྱེད་པ། དེ་མིན་འདི་ལྟ་བུའི་བྱ་ཐབས་བརྒྱུད་དེ་བོད་ཀྱི་དམངས་ཁྲོད་རིག་གནས་ཁྱབ་སྤེལ་བྱེད་པར་རེ་སྨོན་བྱེད་པ་ཡིན”ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com