“རིག་གནས་མཚོ་སྔོན་པོ”འཛུགས་སྐྲུན་སྒོས་མཐོ་སྒང་ཡུལ་སྐོར་མཚན་བྱང་སྐྲུན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-14 11:43:00 ཀློག་གྲངས།:

          མཚོ་སྔོན་པོ་ནི་ཞིང་ལས་དང་ཕྱུགས་ལས་ཀྱི་གནས་ཤིག་དང་།   རྒྱའི་རིག་གནས་དང་ཐུ་བྷོད་རིག་གནས།  ཞིང་ཕྱུགས་རིག་གནས་མཉམ་བསྲེས་ས་ཁུལ་ཞིག་ཡིན་ཞིང་།  སྣ་མང་རིག་གནས་གཅིག་བསྡུའི་ངང་མངོན་པར་མཚོན་པའི་གནས་ཤིག་སྟེ་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པར་ཡོད། 
          ཉེ་བའི་ལོ་འགའི་ནང་།  མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བཀོད་འདོམས་དོ་དམ་ཅུས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི”བསམ་ཕྱོགས་འབུར་ཐོན་བྱས་ཐོག   རང་འགུལ་གྱིས་མཚོ་སྔོན་པོའི་ལོ་རྒྱུས་རིག་གནས་དང་།  དམངས་སྲོལ་རིག་གནས།  ཆོས་ལུགས་རིག་གནས།  སྐྱེ་ཁམས་རིག་གནས།  རི་ཆུའི་རིག་གནས་སོགས་དང་།  སྙན་གྲགས་རིག་གནས་སྔོག་འདོན་སྒོས“མཚོ་སྔོན་པོའི་རིག་གནས”འཕེལ་རྒྱས་མ་ལག་འཛུགས་སྐྲུན་བྱེད་ཅིང་།  རིག་གནས“གཉོམ་ཤུགས”ལ་བརྟེན་ནས་ཡུལ་སྐོར་ལས་རིགས་ཐོལ་བརྒལ་གྱིས་འཕེལ་རྒྱས་གཏོང་བར་བརྩོན་ལ།  2011ལོར་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི87.7བསུས་ཤིང་།  ཡུལ་སྐོར་ཡོང་འབབ་སྒོར་འབུམ་ལས་བརྒལ་བར་ཡོད་པ་དང་མཚོ་བོད་མཐོ་སྒངA5ཐིག་ལེ་ཡིན་པའི་ཟིན་ཐོ་བརྒལ་བ་རེད། 
          “རིག་གནས་མཚོ་སྔོན་པོ”འཛུགས་སྐྲུན་ཁྲོད།  མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བཀོད་འདོམས་དོ་དམ་ཅུས“རྒྱུན་འཛིན་དང་།  གསར་གཏོད།  གསལ་བསྒྲགས།  ཁྱབ་སྤེལ།  ཡར་འདེགས”བཅས་ཀྱི་གོ་རིམ་ལ་མཐོང་ཆེན་གནང་བ་དང་།  “མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་ཞིབ་འཇུག་གླིང”བཙུགས་ཏེ་མཚོ་འགྲམ་རིག་གནས་གཏིང་ཟབ་སྒོས་སྔོག་འདོན་བྱེད་ཅིང་།  མཚོ་འགྲམ་ས་ཁུལ་གྱི་རིག་གནས་ཐོན་ཁུངས་བཀོད་འདོམས་ལ་ཤུགས་སྣོན་གང་ལེགས་ངང“མཚོ་སྔོན་པོའི་རིག་གནས”གྲུབ་ཆ་མངོན་གསལ་དུ་དོད་པ་རེད།
          མཛེས་ལྗོངས་ཁུལ་ཇུས་འགོད་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་གོ་རིམ་ཁྲོད།  “མཚོ་སྔོན་པོའི་རིག་གནས྇་ཁྱད་ཐོན་ལས་གཞི་འཛུགས་སྐྲུན་དང་།  ཁྱད་ཐོན་རིག་གནས།  ཡུལ་སྐོར་ཐོན་རྫས་སོགས་རྐང་བཙུགས་ཐོག   མཚོ་སྙིང་བྱ་གཟིགས་ཁང་དང་།  བརྒྱུད་ལམ།  ནང་འཛུལ་མ་ལག་དྲུག་སོགས་འཛུགས་སྐྲུན་ལས་གཞི་རིམ་གྲས་དང་།  ཁྱད་ཐོན་རིག་གནས།  མི་རིགས་ཁྱད་འཕགས་དང་སྐྱེ་ཁམས་སྲུང་སྐྱོང་།  དུས་རབས་རང་བཞིན་བཅས་ཕན་ཚུན་མཉམ་སྦྱོར་གྱི་ཁྱད་ཆོས་མངོན་པར་བཏོད་ཅིང་།  རྒྱལ་སྤྱིའི་སྙན་ངག་མཁར་གྱང་དང་།  སྐུ་རིས་གླིང་སོགས་འཛུགས་སྐྲུན་བྱེད་པར་བརྒྱུད།  མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དང་།  སྙན་ངག་དུས་ཆེན།  ས་ཆེན་སྒྱུ་རྩལ་དུས་སྟོན་བཅས་མཚོ་སྔོན་པོ་ཁྱབ་སྒྲོག“གསེར་བྱང”བསྐྲུན་ནས་མཚོ་སྔོན་པོའི་དུས་སྟོན་རིག་གནས་མཚན་བྱང་བཏོད་པ་རེད། 
          རིག་གནས་ནི་ཡུལ་སྐོར་འཕེལ་རྒྱས་ཀྱི་བླ་སྲོག་ཏུ་ངེས་ཤིང་།  ད་སྔ་མི་རིགས་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་མཐུན་སྦྱོར་དང་།  མིས་བཟོས་ཡུལ་ལྗོངས་དང་རང་བྱུང་ཡུལ་ལྗོངས་ཕན་ཚུན་འཕྲོས་སྦྱོར།  རིག་གནས་ཡུལ་སྐོར་སྒྲིག་ཆས་དང་རིག་གནས་ཡུལ་སྐོར་འཚོ་བ་ལེགས་མཐུན་ཡིན་པའི་མཚོ་སྔོན་པོའི་རིག་གནས་ཡུལ་སྐོར་རྣམ་པ་ཆགས་ཟིན་ཞིང་།  “སྐྱེ་ཁམས་མཚོ་སྔོན་པོ”དང་།  “གྲངས་འཛིན་མཚོ་སྔོན་པོ”།  “འཆམ་མཐུན་མཚོ་སྔོན་པོ”ཞེས་པ་ལྷན་དུ་འཕེལ་རྒྱས་གཏོང་བར་ཡར་སྐུལ་བྱས། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།