མཚོ་བོད་མཐོ་སྒང་ནི་ཀྲུང་གོའི་ཆེས་ཆེ་བའི་ཐོན་ཁུངས་གསོག་ཉར་གཞི་ས་གལ་ཆེན་ཞིག་ཏུ་འགྱུར་རེ་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-17 11:25:00 ཀློག་གྲངས།:

          ལོ་བཅུ་ལྷག་གི་དུས་ཡུན་བརྒྱུད་པའི་རྒྱལ་ཁབ་ཐོན་ཁུངས་ཞིབ་བཤེར་ཞིབ་འཇུག་གི་གྲུབ་འབྲས་ལས་བསྟན་དོན།  མཚོ་བོད་མཐོ་སྒང་གཏེར་ཁའི་ཐོན་ཁུངས་ཀྱི་བསྡོམས་ཚད་ནི་ཟངས་ཏུན་ཁྲི8000དང་།  གསེར་ཏུན2000།  ཞ་ཉེ་དང་ཏི་ཚ་ཏུན་ཁྲི3000བཅས་ལ་སླེབས་པར་སྔོན་དཔགས་བྱས་ཤིང་།  ཀྲུང་གོའི་ཆེས་ཆེ་བའི་ཐོན་ཁུངས་གསོག་ཉར་གཞི་ས་གལ་ཆེན་ཞིག་ཏུ་འགྱུར་རེ་ཡོད།
          ཀྲུང་གོའི་ས་གཤིས་ཞིབ་བཤེར་ཅུའུ་སོགས་ཀྱིས་ལེགས་འགྲུབ་གནང་བའི《མཚོ་བོད་མཐོ་སྒང་ས་གཤིས་གཞུང་ལུགས་གསར་སྐྲུན་དང་གལ་ཆེའི་གཏེར་འཚོལ་ཐོད་བརྒལ》ལས་གཞི་སྟེ་མཚོ་བོད་ལས་གཞི་རུ་འབོད་པ་འདིར2011ལོའི་རྒྱལ་ཁབ་ཚན་རྩལ་འཕེལ་རྒྱས་བྱ་དགའི་ཕུལ་བྱུང་དགའ་རྟགས་ཐོབ་ཅིང་།  ལས་གཞི་འདིས་མཚོ་བོད་མཐོ་སྒང་དུ་གཞི་ཁྱོན་ཧ་ཅང་ཆེ་བའི་གཏེར་རྫས་ཆགས་གཞི32རྙེད་པ་སྟེ་དཔལ་འབྱོར་རིན་ཐང་དམངས་སྒོར་དུང་ཕྱུར་ཁྲི2.7ཡིན་པར་ཚོད་དཔགས་བྱས། 
          རྒྱུས་ལོན་པ་ལྟར་ན།   མཚོ་བོད་ལས་གཞི་ཡིས་ཐོན་ལས་དང་སློབ་གྲྭ།  ཚན་ཞིབ་བཅས་མཉམ་འབྲེལ་སྒོས་ཐོག་དང་པོར་གངས་ཏི་སེ་དང་གཉེན་ཆེན་ཐང་ལྷ།  མཚོ་མོ་ངང་ལག་རིང་པོ་དང་རྒྱལ་མོ་རྔུལ་ཆུ་བཅས་གཏེར་ཁུལ་རྙེད་ཅིང་།  གསར་བསྣན་ཐོན་ཁུངས་གསོག་ཉར་ཚད་དེ་ཟངས་ཏུན་ཁྲི3194དང་།  ཞ་ཉེ་དང་ཏི་ཚ་ཏུན་ཁྲི1519། གསེར་ཏུན569། དངུལ་ཏུན23015བཅས་ལ་སླེབས་ཡོད་པ་རེད།
          1999ལོ་ནས་བཟུང་།  ཀྲུང་གོས་རྒྱལ་ཁབ་ཐོན་ཁུངས་ཞིབ་བཤེར་ཞེས་པའི་ཆེད་དོན་དངོས་འབེབ་བྱས་ནས་མཚོ་བོད་མཐོ་སྒང་ནི་གཏེར་འཚོལ་དམིགས་འབེན་གནས་གཞི་གལ་ཆེན་དུ་བཟུང་ཐོག   ལོ12བརྒྱུད་ཀྲུང་གོའི་ས་གཤིས་ཞིབ་བཤེར་ཅུས་སྣེ་ཁྲིད་དེ་རྒྱལ་ཡོངས་ས་གཤིས་མྱུལ་ཞིབ་པ་དང་།  ཚན་ཞིབ་པ།  སློབ་གསོའི་སྡེ་ཁག་སོགས་རྩ་འཛུགས་གནང་སྟེ་ལོ་རེར་མི་ཐེངས་ཁྲི་འགའ་མཚོ་བོད་མཐོ་སྒང་དུ་ས་གཤིས་གཞུང་ལུགས་གསར་སྐྲུན་དང་གཏེར་ཁུངས་མྱུལ་ཞིབ་བྱེད་ཅིང་།  མཚོ་བོད་ལས་གཞི་ལ་ཀྲུང་ཕྱི་གཉིས་ཀྱི་ཆེད་མཁས་པས་གདེང་འཇོག་ཆེན་པོ་གནང་བ་སྟེ་ཀྲུང་གོའི་གལ་ཆེ་བའི་ས་གཤིས་བྱ་བའི་ས་ཚིགས་ཞེས་པ་དང་།  རྒྱལ་སྤྱིའི་སྟེང་ལོ་བཅུ་ནས་བཟུང་ཧི་མ་ལ་ཡ་རི་བོའི་ཞིབ་འཇུག་ལས་སྐུལ་འདེད་བྱུང་བའི་མཛད་རྗེས་རླབས་ཆེན་ཞེས་པའི་མཚན་གསོལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།