གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་བོད་སྤོས་བཟོ་གྲྭ།
བོད་སྤོས་བཟོ་གྲྭའི་འགན་འཛིན་པ་ཉི་མས་བོད་སྤོས་བཟོ་སྐྲུན་བྱེད་པ།
ལས་བཟོ་བས་བོད་སྤོས་བཟོ་སྐྲུན་བྱེད་བཞིན་པ།
ལོ་ཉི་ཤུའི་ཡར་སྔོན་དུ་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱིས་བོད་སྤོས་ཀྱི་བཟོ་གྲྭ་ཞིག་བཙུགས་ཡོད་ཅིང་དེ་ནི་ས་གནས་ཀྱི་བཟོ་གྲྭ་ཆེན་པོ་ཞིག་ཀྱང་ཡིན་པ་རེད། བོད་སྤོས་བཟོ་གྲྭའི་འགན་འཛིན་པ་ཉི་མ་ལགས་ནས་རྒྱུས་ལོན་པ་ལྟར་ན། ད་ལྟ་དེར་ལས་བཟོ་པ10ལྷག་དང་ལོ་རེའི་ཡོང་སྒོ་སྒོར་ས་ཡ་གཅིག་ཡིན་པར་བཤད། འཛད་སྤྱོད་པ་མང་དྲགས་པས་དུས་ལྟར་མཁོ་འདོན་ལེགས་པོ་བྱེད་དཀའ་ལ། དགོན་པ་ནི་ཁོ་ཚོས་ཚོང་འབྲེལ་བྱེད་ས་གཙོ་ཆེ་ཤོས་ཡིན་ནའང་། ས་གནས་མང་ཚོགས་དང་བོད་ཁུལ་གྱི་ས་ཆར་སོ་སོར་ཡང་བོད་སྤོས་ཚོང་འདྲེན་བྱེད་ཅིང་། དེ་ཡང་བོད་སྤོས་འདི་ནི་ཧི་མ་ལ་ཡ་རི་རྒྱུད་སོགས་ནས་འཐུས་པའི་བོད་ཀྱི་སྨན་རྫས་སྣ48ལྷག་ལས་བཟོ་སྐྲུན་བྱས་པ་ཞིག་རེད།
ལས་བཟོ་བས་བོད་སྤོས་བཟོ་སྐྲུན་བྱེད་བཞིན་པ།
ལས་བཟོ་བས་བོད་སྤོས་བཟོ་སྐྲུན་བྱེད་བཞིན་པ།
ཡང་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གི་སྐབས་སུ་གངས་ཅན་འཕེལ་རྒྱས་སྤྱིའི་ཁེ་ལས་ལས་ཁུངས་ཤིག་གསར་འཛུགས་གནང་སྟེ་ས་གནས་དེའི་འཕེལ་རྒྱས་ཀྱི་ཕྱོསག་གང་ཐད་ལ་དགེ་མཚན་ཆེན་པོ་ཞིག་བསྐྲུན་ཡོད་པ་རེད།
ལས་བཟོ་བས་བོད་སྤོས་བཟོ་སྐྲུན་ལེགས་འགྲུབ་བྱུང་བ།
ཞར་བཀོད།
གཙང་བཀྲ་ཤིས་ལྷུན་པོ་དགོན་པ་ནི་སྤྱི་ལོ1477ལོར་རྒྱལ་དབང་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་ཀྱིས་ཐོག་མར་ཕྱག་བཏབ་པ་ཡིན། རྒྱལ་བ་དགེ་འདུན་གྲུབ་པས་ཆོས་སྡེ་འདིའི་ཁྲི་བ་དང་པོ་མཛད་ནས1959ལོའི་བར་ཁྱོན་བསྡོམས་ཁྲི་རབས་ཉི་ཤུ་རྩ་གཅིག་འཕོས། སྤྱི་ལོ1600ལོར་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་སྡེ་འདི་རྒྱས་སྐྲུན་མཛད་པ་ནས་བཟུང་པན་ཆེན་སྐུ་ཐོག་རིམ་བྱོན་གྱིས་ཉམས་གསོ་རྒྱས་སྐྲུན་མཛད་ནས་དེང་གི་གཞི་ཁྱོན་འདི་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com