ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དངོས་ཟོག་བརྗེ་ཚོང་ཚོགས་འདུ་བསྡུས་པ།
ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དངོས་ཟོག་བརྗེ་ཚོང་ཚོགས་འདུ་བསྡུས་པ།
དངོས་ཟོག་སྣ་ཚོགས།
བོད་སྤུས།
ཟླ8པའི་ཚེས25ཉིན། སྐབས་བཅུ་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དངོས་ཟོག་བརྗེ་ཚོང་ཚོགས་འདུ་དེ་གཞིས་ཀ་རྩེ་གྲོང་ཁྱེར་དུ་བསྡུས་མགོ་བརྩམས།
བོད་ཀྱི་སྨན་རྫས་སྣ་ཚོགས།
སྒྲ་བརྙན།
ཕྱུར་བ་དང་ཤ་སྐམ།
འགྲེམ་ཁུལ་དུ་མིག་གི་དགའ་སྟོན་དུ་བཤམས་པའི་དངོས་ཟོག་སྣ་ཚོགས་མཆིས་ཏེ། རྒྱལ་རྩེའི་སྣམ་བུ་དང་། ཕྱུར་བ་དང་ཤ་སྐམ། སྣོད་ཤུན། བཞད་མཐོང་སྨོན་གྱི་རྫ་ཆས་རིགས། སྒྲ་བརྙན། བོད་སྤུས། བོད་ཀྱི་སྨན་རྫས་སྣ་ཚོགས་སོགས་གང་མང་ཡོད་པ་རེད།
རྒྱལ་རྩེའི་སྣམ་བུ།
སྣོད་ཤུན།
བཞད་མཐོང་སྨོན་གྱི་རྫ་ཆས་རིགས།
ཐེངས་འདིའི་དངོས་ཟོག་བརྗེ་ཚོང་ཚོགས་འདུ་ནི་འཛད་སྤྱོད་ལ་སྐུལ་བ་དང་། ཚོང་རྒྱ་བསྐྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་མཐོར་འདེགས་གཏོང་བ་བཅས་ལུགས་སུ་བཟུང་སྟེ་བསྟུད་མར་ཉིན9ལ་སྤེལ་རྒྱུ་ཡིན་ཞིང་། འགྲེམ་ཚོང་དུ་ཞུགས་པའི་ཚོང་རྫས་གཙོ་ཆེར་མི་རིགས་ལག་བཟོས་ཐོན་རྫས་དང་། ཞིང་ཕྱུགས་ཐོན་རྫས། མིང་དུ་གྲགས་པའི་ཁྱད་འཕགས་ཐོན་རྫས། དེ་མིན་རྒྱུན་སྤྱོད་ཀྱི་འཚོ་བའི་ཡོ་ཆས་སོགས་འདུས། འདིར་གཞིས་ཀ་རྩེ་ས་ཁུལ་གྱི་རྫོང18ཀྱི་རོང་འབྲོག་ཚོང་བ་རྣམས་འགྲེམ་ཚོང་ལ་ཞུགས་ཡོད་པ་མ་ཟད། པེ་ཅིང་དང་ཧྲང་ཧེ། ཀོང་ཀྲིག་སོགས་ཀྱི་ཚོང་བ་ཡང་ཞུགས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com