མེ་རྟ་རྟགས་ཅན་གྱི་མི་རིགས་གྱོན་ཆས་ཁྱིམ་ཚང་ལས་ཤག

རྩོམ་པ་པོ།:གནམ་སྐྱིད་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-03 11:04:00 ཀློག་གྲངས།:


མེ་རྟ་རྟགས་ཅན།


སྤྱི་གཉེར་པའི་ལས་ཤག

         མེ་རྟ་རྟགས་ཅན་གྱི་མི་རིགས་གྱོན་ཆས་སྣ་ཚོགས་ནི།  སྤྱི་གཉེར་བ་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་སྤྱི་ལོ1998ལོར་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་ཤེས་ཡུལ་ཚོ་རྨོག་རུ་སྡེ་བ་ནས་གསར་དུ་བཙུགས་ཤིང་མི་རིགས་གྱོན་ཆས་ཁྱིམ་ཚང་ལས་ཤག་གིས་ཇུས་འགོད་ལས་སྣོན་བྱས་པའི་ཐོན་རྫས་ཡིན།


སྤྱི་གཉེར་པ་ལ་གནང་བའི་བྱ་དགའ་སྣ་ཚོགས།
མེ་རྟ་རྟགས་ཅན་གྱི་མི་རིགས་གྱོན་ཆས་ཁྱིམ་ཚང་ལས་ཤག
སྤུས་དག་པའི་ཐོན་རྫས་སྣ་ཚོགས་ཀྱི་འདྲ་པར། 

         ཐོན་རྫས་ཀྱི་རིགས་ལ་སློག་པ་དང་ཚ་རུ། གོས་ལྭ་སྣ་ཚོགས། རས་ལྭ་སྣ་ཚོགས། སྟོད་ལྭ་སྣ་ཚོགས། ཚར་ལྭ་སྣ་ཚོགས། ཚར་ཞྭ་སོགས་ཕོ་མོའི་གྱོན་ཆས་དང་། སློབ་གྲྭའི་སློབ་ལྭ། བྱིས་པའི་ལྭ་བ་སོགས་ཅི་རིགས་ཡོད་པ་རྣམས་འཛད་སྤྱོད་པའི་དགོས་མཁོ་དང་དུས་རབས་འགྱུར་ལྡོག་དང་བསྟུན་ནས་ཇུས་འགོད་ལས་སྣོན་བྱེད་ཀྱིན་ཡོད་ཅིང་། ཐོན་རྫས་རིགས་གང་ཞིག་ཡིན་རུང་བཟོ་རྒྱུ་བཟང་ཞིང་སྤུས་དག་པ་དང་། བཟོ་རྩལ་ལེགས་ལ་ཞིབ་ཚགས་ཆེ་བ། གཅོད་ཁོག་འགྲིག་ཅིང་མིག་ལ་མཛེས་པ་སོགས་ནི་དེ་རིགས་ཐུན་མོང་ལ་འཛོམས་པའི་ཁྱད་ཆོས་ཡིན་པས། དུས་ཡུན་རིང་བོར་འཛད་སྤྱོད་པའི་དགའ་བསུ་ཐོབ་ལ། ཚོང་རའི་དགོས་མཁོ་སྔར་ལས་ཇེ་ཆེར་འགྱུར་བཞིན་ཡོད།


སྤུས་དག་ལ་མདོག་མཛེས་པའི་བཟོ་རྒྱུ་རས་
གོས་སྣ་ཚོགསདང་བཟོས་པའི་སློག་པ། 


ཐོན་རྫས་སློབ་ལྭ་གྱོན་པའི་སློབ་བུ་སྐོར་ཞིག་གི་མཉམ་པར།

         ཡིན་ནའང་གནའ་མིའི་ཁ་དཔེར། བཤད་པའི་ཁ་ཕོ་གཙང་མ།། བཟོས་པའི་སྲུབས་ཁ་དམ་པོ་ཞེས་པ་བཞིན། སྤྱི་གཉེར་པ་ནས་ལས་ཤག་གི་ལས་བཟོ་བ་ཡོད་ཚད་ཀྱིས། རྒྱུ་སྤུས་ནི་ཚེ་སྲོག་ཡིན། ཁྲེལ་གཞུང་ནི་རྩ་བ་ཡིན། ཁྱད་ཆོས་ནི་ཕུགས་རེ་ཡིན་ཞེས་པའི་ལས་སྒྲུབ་རྩ་དོན་ཡིད་ལ་བཅངས་ནས་ཡུན་ནས་ཡུན་དུ་མི་རིགས་གྱོན་ཆས་ལས་རིགས་ཀྱི་བྱ་བཞག་འདི་ལ་འབད་པ་ལྷོད་མེད་བྱ་རྒྱུའི་འདུན་པ་ཡོད་པར་བརྗོད་དོ།། 
མེ་རྟ་རྟགས་ཅན་མི་རིགས་གྱོན་ཆས་ཁྱིམ་ཚང་ལས་ཤག
ས་གནས།
  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་ཤེས་ཡུལ་ཚོ་རྨོག་རུ་སྡེ་བ།
སྦྲགས་སྲིད་ཨང་གྲངས།  813000
ཁྱིམ་སྤྱོད་ཁ་པར། 0974-8522483
ལག་འཁྱེར་ཁ་པར། 15897046988


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།