མཚོ་ལྷོ་ཁུལ་བི་ཤྭ་ཀརྨ་ནི་མཚོ་སྔོན་ཞིང་ཆེན་ཚན་རྩལ་རང་བཞིན་གྱི་ཁེ་ལས་སུ་གཏན་འཁེལ་བྱས།
བོད་ཀྱི་གཙགས་དྲུབ་བརྩམས་ཆོས།
ཉེ་ལམ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས2012ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁེ་ལས་ཀྱི་མིང་བྱང་ཁྱབ་བསྒྲགས་བྱས་ཤིང་། མཚོ་ལྷོ་ཁུལ་བི་ཤྭ་ཀརྨ་མི་རིགས་ལག་བཟོའི་སྒྱུ་རྩལ་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་ཟིས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས2012ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁེ་ལས་སུ་གཏན་འཁེལ་བྱས། འདི་ནི་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་རང་བཞིན་གྱི་ཁེ་ལས22ཀྱི་གྲས་ཤིག་རེད།
བོད་ཀྱི་གཙགས་དྲུབ་བརྩམས་ཆོས།
མཚོ་ལྷོ་ཁུལ་བི་ཤྭ་ཀརྨ་མི་རིགས་ལག་བཟོའི་སྒྱུ་རྩལ་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་ཟི་ནི2008ལོའི་ཟླ9བར་སྔར་གྱི་མང་རྫོང་བོད་ཀྱི་གཙགས་དྲུབ་ཞིབ་འཇུག་སྔོག་འདོན་ལྟེ་གནས་ཀྱི་རྨང་གཞིའི་སྟེང་བཙུགས་པ་དང་། ཐོན་རྫས་གཙོ་བོ་ནི་བོད་ཀྱི་ལག་བཟོའི་གཙགས་དྲུབ་དང་། འཕྲུལ་འཁོར་ལས་བཟོས་པའི་གཙགས་དྲུབ། ཐང་ག་སོགས་སྣ་ཚོགས་ཡོད་ཅིང་། རྗེས་ཕྱོགས་ཀྱི་སྔོག་འདོན་ཁྱབ་ཁོིངས་སྔར་ལས་རྒྱ་ཆེར་སྤེལ་རྒྱུ་ཡིན་པ་རེད།
མཚོ་སྔོན་བོད་ཀྱི་རིག་གནས་སྒྱུ་རྩལ་ཁང་།
མིག་སྔར། མང་རྫོང་དང་། ཁྲི་ཀ་རྫོང་། གསེར་ཆེན་རྫོང་བཅས་རྫོང་ཁག་གསུམ་དུ་ཡན་བི་ཤྭ་ཀརྨ་ལག་ཀུང་ཟི་བཙུགས་ཡོད་ཅིང་། ཐོན་སྐྱེད་ལས་སྣོན་བྱེད་ས་ནི་མཚོ་ལྷོ་ཁུལ་གྱི་གྲོང་རྡལ་དང་སྡེ་བ16ཁྱབ་པ་དང་། ལས་ཞུགས་བྱེད་ཚད་ཁུལ་ཡོངས་རྫོང་ལྔའི་སྡེ་བ40ལ་ཁྱབ་བརྡལ་བྱུང་། བོད་ཀྱི་གཙགས་དྲུབ་ལས་སྒྲུབ་མི་སྣ1200ལྷག་ཡོད། བི་ཤྭ་ཀརྨ་དང་མང་རྫོང་བོད་ཀྱི་གཙགས་དྲུབ་ནི་ས་གནས་ཀྱི་ཕུལ་བྱུང་ཐོན་རྫས་སུ་གྱུར་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com