བྲག་དཀར་སྤྲེལ་རྫོང་རྒྱལ་ཁབAAAརིམ་པའི་མཛེས་ལྗོངས་ཁུལ་དུ་ཚུད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-09 10:29:00 ཀློག་གྲངས།:

བྲག་དཀར་སྤྲེལ་རྫོང་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབAAAརིམ་པའི་མཛེས་ལྗོངས་ཁུལ་དུ་ཚུད།
བྲག་དཀར་སྤྲེལ་རྫོང་།

        ཉེ་ལམ། བྲག་དཀར་སྤྲེལ་རྫོང་མཛེས་ལྗོངས་ཁུལ་དེ་མཚོ་སྔོན་ཞིང་ཆེན་གནས་སྐོར་ལྟེ་གནས་སྤུས་ཚད་ཨང་རིམ་དཔྱད་འབེབས་ཨུ་ཡོན་ལྷན་ཚོགས་ཀྱིས་རྒྱལ་ཁབAAAརིམ་པར་བདམས།
        དེ་ཡང་བྲག་དཀར་སྤྲེལ་རྫོང་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་འདེགས་དང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཆེར་བསྐྱེད་པར། བྲག་དཀར་རྫོང་གིས་སྤྲེལ་རྫོངAAAརིམ་པའི་མཛེས་ལྗོངས་ཁུལ་གྱི་གོ་སྐབས་དམ་འཛིན་སྒོས་མ་དངུལ་སྒོར་འབུམ12བཏང་སྟེ་ཡུལ་སྐོར་གསལ་སྟོན་མ་ལག་འཐུས་ཚང་དང་། ཡུལ་སྐོར་ལྗང་བསྒྱུར་རྒྱ་ཁྱོན་ཆེར་བསྐྱེད། གནས་རི་སྐོར་ལམ་བསྐྱར་སྐྲུན་སོགས་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་བྱུང་ཞིང་ཡུལ་སྐོར་སྒྲིག་ཆས་འཐུས་ཚང་དང་ཡུལ་སྐོར་དོ་དམ་ཚད་ལྡན་དུ་ཕྱིན་པ་དང་། སྣེ་ལེན་ཞབས་ཞུའི་ཆུ་ཚད་བསྟུད་མར་མཐོར་འདེགས་བྱུང་ལ། ལྗོངས་རྒྱུ་དང་ཡུལ་སྐོར། ཆོས་ལུགས་ཆོ་ག་བཅས་གཙོར་བྱས་པའི་སྐྱེ་ཁམས་རང་བཞིན་གྱི་ཆོས་ལུགས་རིག་གནས་གནས་སྐོར་མཛེས་ལྗོངས་ཁུལ་གསར་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས། 
        སྔོན་དཔགས་བྱས་པ་ལྟར་ན། 2015ལོར། སྤྲེལ་རྫོངAAAརིམ་པའི་མཛེས་ལྗོངས་ཁུལ་གྱིས་ས་གནས་ཀྱི་དད་ལྡན་མང་ཚོགས་མི་ཐེངས་ཁྲི3.5དང་ཕྱིའི་མགྲོན་པོ་མི་ཐེངས་ཁྲི4.5སྣེ་ལེན་བྱེད་འཆར་ཡོད་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི1075མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།