མཚོ་ལྷོའི་གཙགས་དྲུབས་ལས་ལག་ཤེས་བཟོ་ལས་ཀྱི་ཁྱད་ལྡན་ཐོན་རྫས་སྐྲུན་པར་གཞོལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-18 10:35:00 ཀློག་གྲངས།:

མཚོ་ལྷོའི་གཙགས་དྲུབ་ལས་ལག་ཤེས་བཟོ་ལས་ཀྱི་ཁྱད་ལྡན་ཐོན་རྫས་སྐྲུན་པར་གཞོལ་བ།
མཚོ་ལྷོའི་གཙགས་དྲུབས་འཛམ་གླིང་མཛེས་པའི་རྒྱན།

        ཟླ1པོའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་མིང་གྲགས་ཚོང་རྟགས་བི་ཤྭ་ཀརྨ་ཞེས་པའི་ཤུགས་རྐྱེན་ཆེར་བསྐྱེད་པར་མཚོ་ལྷོ་ཁུལ་བི་ཤྭ་ཀརྨ་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་བ་དང་བློ་ཞིབ་མོས་འཆར་འགོད་གནང་བ་དང་། མཚོ་སྔོན་ཞིང་ཆེན་ཇིག་ཇིག་ཁྱབ་བརྡ་ཚད་ཡོད་འགན་འཁྲིའི་ཀུང་ཟིས་སྒྲིག་བཟོ་བྱས་པའི20m*6mཅན་གྱི་ཁྱིམ་ཕྱིའི་ཁེ་ལས་གཟུགས་རྣམ་ཁྱབ་བརྡའི་མཚན་བྱང་དེ་དགོ་མང་ལ་ཕུག་ལམ་གྱི་ཤར་ཕྱོགས་རི་སྒང་ནས་གཞུང་ལམ་དུ་བར་ཐག་སྨི30ཡོད་པའི་སར་བཙུགས་པ་རེད། 
        མིག་སྔར་བི་ཤྭ་ཀརྨ་བོད་ཀྱི་གཙགས་དྲུབས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ནི་ཨ་རི་དང་།  དབྱིན་ཇི། ཧྥ་རན་སི། ཉི་ཧོང་། པེ་ཉིན། ཁིན་ཉི་ཡ། ཧོང་ཁོང་། ཨོ་མིན་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་ཕྱིར་གཏོང་བྱེད་ཀྱི་ཡོད་ཅིང་། བི་ཤྭ་ཀརྨ་བོད་ཀྱི་གཙགས་དྲུབས་ལག་ཤེས་བཟོ་ལས་ཀྱི་ཁྱད་ལྡན་ཐོན་རྫས་བསྟུད་མར་མིང་དུ་གྲགས་པ་དང་བསྟུན་ནས་བོད་ཀྱི་གཙགས་དྲུབས་ཐོན་ལས་བདེ་ཐང་མགྱོགས་མྱུར་ངང་འཕེལ་རྒྱས་འབྱུང་ངེས་པའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ལྡན་ཐོན་རྫས་གལ་ཆེན་ཞིག་ཏུ་འགྱུར་ངེས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།