ཨེ་མ་ཧོ་བོད་ཡིག་ལག་འཕྲིན་ཐོན་རིམ་གཉིས་པ་འགྲེམ་སྤེལ་བྱེད་བཞིན་པ།

རྩོམ་པ་པོ།:དཀར་ཡག་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-23 15:20:00 ཀློག་གྲངས།:

ཨེ་མ་ཧོ་བོད་ཡིག་ལག་འཕྲིན་ཐོན་རིམ་གཉིས་པ་འགྲེམ་སྤེལ་བྱེད་བཞིན་པ།
ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་གྱི་ཁྱབ་སྒྲོག་པར་རིས།

        ཉེ་ལམ། ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པ་འགྲེམ་སྤེལ་བྱེད་བཞིན་ཡོད་པ་དང་། འདིར་ནུས་པའི་སྟེང་ནས་ཐོན་རིམ་དང་པོའི་རྨང་གཞི་ཐོག་གཤམ་བཀོད་ལྟར་རིམ་སྤར་བྱས་ཡོད།
ཀ མ་ལག་པར་རིམ་android2.2.3ནསandroid2.2.3.6བར་སྤར་ཡོད།
ཁ། རྒྱུ་ཁོངས་མ་ལག་གཏན་འཇགས་རང་བཞིན་གོང་འཕེལ་དུ་གཏོང་ཡོད། 
ག འཆར་ཡོལ་སྣེ་ཟུར་གྱི་མཐོང་རྒྱ་ཆེ་རུ་བཅུག་པས་འཆར་བའི་སྤུས་ཚད་སྔར་ལས་བཟང་། 
ང་། པར་ཆས་ཀྱིས་པར་ལེན་སྐབས་རང་འགུལ་དམིགས་སྒྱུར་གྱི་བྱེད་ནུས་གསར་སྣོན་བྱས་ཡོད།
ཅ། པར་ཆས་ཀྱིས་པར་ལེན་སྐབས་པར་རིས་སྔོན་ལས་མངོན་གསལ་དོད་པ།


ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན།

        མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སི་ནི2012ལོའི་ཟླ3པའི་ནང་ཟི་ལིང་གྲོང་ཁྱེར་དུ་ཐོ་འགོད་མཛད་སྒོ་སྤེལ། ཀུང་སིའི་ཐོ་འགོད་མ་རྩ་ནི་དམངས་སྒོར་ཁྲི100ཡིན། ལས་གཉེར་གཙོ་བོ་ནི་རིག་ལྡན་ལག་འཕྲིན་གྱི་སྲ་ཆས་དང་སྙི་ཆས་ཞིབ་འཇུག་དང་གསར་སྤེལ། རིག་ལྡན་ལག་འཕྲིན་གྱི་མ་ལག་གམ་རྒྱུད་ཁོངས་བོད་བསྒྱུར་དང་བོད་ཡིག་བཀོལ་སྤྱོད་བསྒྲིགས་རིམ་གསལ་སྤེལ་བྱ་རྒྱུ་དེ་ཡིན།


དཔེ་ཆ་བརྒྱ་ལྷག་ཡོད་པའི་གློག་རྡུལ་དཔེ་ཆ་ཀློག་ཆས།

        མིག་སྔར་ཀུང་སིའི་གྲུབ་འབྲས་གཙོ་བོ་ནི་ལས་སྒྲུབ་མི་སྣ་ཡོངས་ཀྱིས་གཉིད་ཆགས་ཟས་བརྗེད་ཀྱི་ངལ་རྩོལ་འོག་ཐོན་པའི་ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་རིག་ལྡན་ལག་འཕྲིན་དང་སྤྱིར་བཏང་བོད་ཡིག་ལག་འཕྲིན་སོགས་རྒྱ་ཆེའི་བོད་རིགས་མི་དམངས་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་ལོ།། ཡང་དུས་རབས་ཉེར་གཅིག་གི་གོམ་འགྲོས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲན་རྩོད་མྱུར་མོ་སྒྲ་རླབས་ཀྱི་ཟླ་ལ་འགྲན་པའི་དེང་གི་ཆ་འཕྲིན་དུས་རབས་འདིར། སྣ་མང་ཤེས་རིག་གི་རོ་བཅུད་དང་ཉམས་མྱོང་ལག་ལེན་དུ་བསྟར་ནས་ལེགས་བཅོས་དང་གསར་བསྐྲུན་བྱེད་པ་ཤིན་ཏུ་གལ་ཆེ། དུས་རབས་ཉེར་གཅིག་པ་ནི་ཚན་རྩལ་དང་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་ཟེར་བས་འཛམ་བུ་གླིང་གི་དྲ་རྒྱའི་འབྲེལ་མཐུད་ལས་རྩིས་འཕྲུལ་དང་ཁ་པར་སོགས་ནི་དུས་རྒྱུན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རྒྱུན་མཁོའི་དངོས་པོ་རུ་གྱུར་འདུག དེ་དག་གི་སྤུས་ཚད་དང་བྱེད་ནུས་སོགས་ཀྱང་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད།


བོད་ཡིག་གླུ་ཚིག་འཆར་ཐུབ་པའི་གླུ་གཞས་གཏོང་ཆས།

        ཁ་བ་རི་བོའི་སྔོན་བྱོན་མེས་པོ་ཚོས་ལོ་ངོ་སྟོང་ཕྲག་ནང་གསར་དུ་གཏོད་པའི་རིག་པའི་གཞུང་ལུགས་ཡིག་ངོར་ཕབ་པ་དག་དུས་རབས་གསར་པའི་ཚན་རྩལ་གྱི་གསོན་ཤུགས་ཁྲོད་ནས་མུ་མཐུད་གནས་ཞིང་རྒྱུན་སྐྱོང་བྱ་རྒྱུ་ནི་ལོ་རྒྱུས་ཀྱིས་རྗེས་རབས་པ་རྣམས་ལ་བཅོལ་བའི་འགན་འཁྲི་འདོར་ཐབས་མེད་པ་ཞིག་རེད་ལགས། དེ་བས་བོད་ཡིག་ལག་འཕྲིན་རྣམས་ཀྱི་མ་ལག་ཡིག་བསྒྱུར་སྐབས་བརྡ་ཆད་དང་མིང་ཚིག་སོགས་ནི་གཙོ་བོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་མཛད་པའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པར་དུ་བསྐྲུན་པའི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་བརྡ་འཕྲིན་ལག་རྩལ་མིང་མཛོད་བཅས་ལ་གཞི་འཛིན་ཞོར་དུ་དགེ་རྒན་དང་མཁས་དབང་གྲངས་མང་ཞིག་གིས་ཐུགས་ཁུར་དཔེ་མེད་མཛད་ཡོད།

ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིའི་དྲ་ཚིགས།
ཟུར་བཤད།
དང་པོ།
        དེ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིས་བཟོས་པའི་ཁ་པར་འདྲ་མིན་གསུམ་དངོས་སུ་སྤྱི་ཚོགས་ཐོག་ཏུ་འགྲེམ་སྤེལ་བྱས་ཚར་བ་དང་། འཁྱེར་ཉན་སོགས་འགའ་སྤེལ་མུས་སུ་མཆིས་པས་རྗེས་ནས་དྲ་བ་འདིར་འགོད་ངེས་ཡིན་པས་གཟིགས་པར་འཚལ།  ཀུང་སི་ནས་བཟོས་པའི་འཕྲུལ་རིགས་འདྲ་མིན་ལ་ད་དུང་མ་འགྲིག་པ་འདུག་ན་ཐད་ཀར་ཀུང་སི་ལ་འབྲེལ་བ་བྱ་ཆོག  བདེན་པ་འདུག་ན་ཀུང་སིས་བཅོས་བསྒྱུར་བྱེད་ངེས་ཡིན་པས་ཐུགས་ལ་ཞོག
གཉིས་པ། 
        ཨེ་མ་ཧོ་རྟགས་ཅན་གྱི་ཁ་པར་དང་འཁྱེར་ཉན་སོགས་མདོར་ན་ཀུང་སི་ནས་བཟོས་པའི་འཕྲུལ་རིགས་ཉོ་འདོད་ན་ཀུང་སི་ལ་འབྲེལ་བ་བྱོས་དང་ཁྱོད་ཉིད་ཀྱི་འདོད་ལྡན་སྐོང་ངེས་རེད། མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིས་བཟོས་པའི་དྲ་བར་ཡར་འཛུལ་ནས་ཚོང་གཉེར་གྱི་བྱ་བ་དང་ཀུང་སི་ལ་འབྲེལ་གཏུགས་བྱ་ཆོག་པ་དང་ཐོན་རྫས་ལ་ལྟད་མོ་ཡང་རིམ་བཞིན་ལྟ་སྟབས་བདེ་བ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།