མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ལ་ལས་རིགས་ཀྱི་ཚད་གཞི་བཟོ་བ།
ཇི་ལྟར་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཁྲོམ་རར་རྫུན་བཟོའི་སྣང་ཚུལ་མེད་ཅིང་དབྱར་རྩྭ་དགུན་འབུ་ཐོན་ལས་ཅན་གྱི་ལམ་དུ་སྐྱོད་དགོས་པར། མཚོ་སྔོན་ཞིང་ཆེན་ཚོང་ལས་སྡེ་ཁག་གིས་དབྱར་རྩྭ་དགུན་འབུ་མཐུན་ཚོགས་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་འཕེལ་རྒྱས་ཐད་ལས་རིགས་ཀྱི་ཚད་གཞི་བཟོ་བ་རེད།
རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་ནང་། དབྱར་རྩྭ་དགུན་འབུའི་རིན་གོང་བསྟུད་མར་འཕར་གྱི་ཡོད་པ་སྟེ། བསྡོམས་རྩིས་བྱས་པ་ལྟར་ན། ལོ་ངོ30ཡི་རིང་། དབྱར་རྩྭའི་རིན་གོང་སྒོར་ཁྲི་ལྷག་ཏུ་འཕར། རྒྱལ་ཡོངས་དབྱར་རྩྭ་དགུན་འབུ་ཐད་འཚོང་རིན་གོང་ལྟར་ན། ཁེ་སྟོང་རེར་དབྱར་རྩྭ་རྐང2000ལྟ་ན། 2009ལོར་རིན་གོང་སྒོར་ཁྲི10དང་། 2010ལོར་རིན་གོང་སྒོར་ཁྲི13། 2012ལོར་རིན་གོང་སྒོར་ཁྲི20། མིག་སྔར། རིན་གོང་སྒོར་ཁྲི26ཡས་མས་སུ་སླེབས་པ་རེད།
ཡིན་ཡང་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་རྨོངས་མུན་གྱིས་རྐོ་བ་དང་ཐོན་ལས་འཕེལ་རྒྱས་ཐད་ལ་སྤྱི་ཁོག་གི་འཕེལ་རྒྱས་འཆར་འགོད་མེད་ཅིང་། ཐོན་ལས་ཀྱི་ཁྱད་འཕགས་རང་བཞིན་མངོན་གསལ་མིན་པ། ས་གནས་ཀྱི་ཞིབ་བཤེར་ཚད་གཞི་དངོས་འབེབས་ལེགས་པོ་བྱུང་མེད་པ། ཁྲོམ་རའི་རྫུན་བཟོ་སྣང་ཚུལ་ཚབས་ཆེན་ཡིན་པ། ཁྲོམ་རའི་ལྟ་སྐུལ་འགན་ནུས་ངེས་གཏན་མེད་པ། ཁྲིམས་བསྟར་དཀའ་ངལ་ཆེ་བ་སོགས་ཀྱི་གནད་དོན་མང་པའི་ཁར། འབྲེལ་ཡོད་ལས་རིགས་ཀྱི་བློ་ལྡན་མི་སྣས་བཤད་རྒྱུར། ད་ལྟ་མི་མང་ཆེ་བས་དབྱར་རྩྭ་རྫུན་མ་ངོས་འཛིན་བྱེད་ན་ཉམས་མྱོང་ལ་བརྟེན་པ་ཡིན་ལ། ཡིན་ཡང་དབྱར་རྩྭ་ངོས་འཛིན་བྱེད་ཁག་སྟེ། ཐ་ན་བཟའ་ཆས་དང་སྨན་རྫས་ཐད་ལ་རེ་བ་ཚད་མཐོ་བའི་ཡོ་རོབ་དང་ཨ་རི། ཉི་ཧོང་སོགས་རྒྱལ་ཁབ་ཀྱིས་ཀྱང་ཁ་གཏད་ཀྱི་ཚད་ལྡན་དང་ཚད་གཞི་ཞིག་བཟོ་དཀའ་བར་འདུག
མཚོ་སྔོན་ཞིང་ཆེན་ཚོང་ལས་ཐིན་གྱི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ཐོན་ལས་ཅན་གྱི་ལམ་དུ་སྐྱོད་པར། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་དབྱར་རྩྭ་དགུན་འབུའི་ཐོན་ལས་སྒྲིག་བཀོད་དང་ཁྲོམ་རའི་ལྟ་སྐུལ་ཐད་ནུས་པ་གང་ལེགས་བཏོན་ནས་ཁྲོམ་རའི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། དབྱར་རྩྭ་དགུན་འབུ་འཁོར་སྐྱོད་ཀྱི་དོ་དམ་ཁྲིམས་སྲོལ་བཟོ་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com