ལྷོ་ཁས་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-15 09:12:00 ཀློག་གྲངས།:

扎囊县阳光氆氇厂厂长仁青在检查产品质量
གྲ་ནང་རྫོང་ཉི་འོད་སྣམ་བུ་བཟོ་གྲྭའི་འགོ་གཙོ་རིན་ཆེན་ལགས་ཀྱིས་སྣམ་བུའི་སྤུས་ཀར་ཞིབ་བཤེར་བྱེད་བཞིན་པ།

  ཉེ་བའི་ལོ་ནང་། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱིས་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་ནས། པང་ཁེབས་དང་སྣམ་བུ་སོགས་མི་རིགས་ཀྱི་ལག་ཤེས་ཐོན་རྫས་མྱུར་བ་མྱུར་དུ་གོང་སྤེལ་བྱུང་། སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་འཕེལ་རྒྱས་ཀྱིས་གནས་སྐོར་ཐོན་རྫས་འདོན་སྤེལ་བྱེད་པར་ནུས་པ་ཆེན་པོ་ཐོན་པའི་ཁར། ཡུལ་དེའི་ངལ་རྩོལ་མ་ལྷག་མའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་ཕྱུག་འགྱུར་གྱི་ལམ་བུ་གལ་ཆེན་ཞིག་ཏུ་གྱུར།
  2006ལོར་བཙུགས་པའི་གྲ་ནང་རྫོང་ཉི་འོད་སྣམ་བུ་བཟོ་གྲྭས་མིག་སྔར་ཐོན་རྫས་རིགས26ཐོན་སྐྱེད་བྱས་པ་སྟེ། གཙོ་བོ་སྣམ་བུ་དཀར་པོ་དང་སྣམ་བུ་ཐིག་མ། རྒྱ་གྲམ་རྟགས་ཅན་གྱི་སྣམ་བུ་སོགས་སྣ་ཚོགས་འདུས་ཤིང་། བོད་ལྗོངས་སུ་བྲིན་ཆེ་བར་མ་ཟད། པེ་ཅིང་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད་ལ། དེ་ལས་གཞན་ཉི་ཧོང་དང་ཡོ་ནན། བལ་བོ་སོགས་ཕྱིའི་རྒྱལ་ཁབ་ཏུའང་ཕྱིར་གཏོང་བྱེད་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།