བོད་ལྗོངས་གྲ་ནང་གི་སྣམ་བུར་རྒྱལ་ཁབ་ས་རྒྱུས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་ཀྱི་དབང་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-16 14:44:00 ཀློག་གྲངས།:

扎囊氆氇获国家地理标志保护产品
བོད་ལྗོངས་གྲ་ནང་གི་སྣམ་བུར་རྒྱལ་ཁབ་ས་རྒྱུས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་ཀྱི་དབང་ཐོབ་པ།

  ཉེ་ཆར། གྲ་ནང་གི་སྣམ་བུ་ལ་རྒྱལ་ཁབ་ས་རྒྱུས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་ཀྱི་དབང་སྤྲད་ཅིང་། དེས་གྲ་ནང་སྣམ་བུའི་མཚོན་རྟགས་ཀྱི་མཚན་སྙན་དང་ཚོང་རའི་འགྲན་ཤུགས་སོགས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན་ཐུབ་པ་རེད།   ས་རྒྱུས་མཚོན་རྟགས་ནི་རྒྱལ་སྤྱིའི་སྟེང་ཁས་ལེན་པའི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ཞིག་ཡིན་པ་དང་།  དེས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ལ་ཁས་ལེན་དང་སྲུང་སྐྱོབ་བྱེད་པ་ཡིན་ཞིང་། གྲ་ནང་རྫོང་གི་སྣམ་བུར་རྒྱལ་ཁབ་ཀྱི་ས་རྒྱུས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་ཀྱི་དབང་སྤྲད་པ་ནི་གྲ་ནང་སྣམ་བུའི་རྒྱུ་སྤུས་ལ་ཁས་ལེན་བྱས་པ་རེད།
  ལྷོ་ཁ་ས་ཁུལ་རྒྱུ་སྤུས་ལྟ་སྐུལ་ཅུ་ཡིས་བསྟན་དོན་ལྟར་ན། གྲ་ནང་རྫོང་གི་སྣམ་བུར་རྒྱལ་ཁབ་ས་རྒྱུས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་ཀྱི་དབང་སྤྲད་པའི་གོ་སྐབས་བཟང་བོ་དང་བསྟུན་ཐོག ས་རྒྱུས་མཚོན་རྟགས་ཀྱིས་སྲུང་སྐྱོབ་བྱེད་པའི་དགེ་མཚན་སྤྱད་དེ་ཐོན་རྫས་ཀྱི་གཞི་རྒྱ་ཇེ་ཆེ་རུ་གཏོང་བ་དང་། ཐོན་རྫས་ཀྱི་ཚོང་རའི་འགྲན་ཤུགས་མཐོར་འདེགས་བཏང་ནས་གྲ་ནང་སྣམ་བུའི་མཚོན་རྟགས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ།  རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་དགེ་མཚན་ལྡན་པའི་ཐོན་ལས་སུ་བསྐྲུན་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།