2013ལོའི་མཚོ་སྔོན་གྱི་བོད་ལུག་ས་གདན་འགྲེམ་སྟོན་ཟླ6པའི་ཚེས20ཉིན་བསྡུ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན2013ལོའི་མཚོ་སྔོན་གྱི་བོད་ལུག་ས་གདན་འགྲམ་སྟོན་དེ་ཟླ6པའི་ཚེས20ཉིན་ནས་ཚེས24ཉིན་བར་ཟི་ལིང་གི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བསྡུ་རྒྱུ་ཡིན་ཞིང་། ད་ལོའི་འགྲེམ་སྟོན་གྱི་བརྗོད་གཞི་ནི་འབྲེལ་འདྲིས་དང་མཉམ་ལས། གསར་གཏོད། གོང་སྤེལ་ཞེས་པ་དེ་ཡིན་པ་རེད།
2004ལོ་ནས་བཟུང་མཚོ་སྔོན་གྱི་བོད་ལུག་ས་གདན་གྱི་རྒྱལ་སྤྱིའི་འགྲེམ་སྟོན་ཐེངས་དགུ་ལ་སྤེལ་ནས། འཛམ་གླིང་ལ་མདོ་དབུས་མཐོ་སྒང་གི་སྣང་བརྙན་བརྗོད་པ་དང་ཀྲུང་གོའི་བོད་ལུག་ས་གདན་གྱི་རྒྱལ་སྤྱིའི་གོ་གནས་མཚོན་བྱེད་ཀྱི་སྟེགས་བུ་གལ་ཆེན་དུ་གྱུར་འདུག་ཅིང་། ལོ་རེ་ནས་ལོ་རེ་བཞིན་རྒྱ་ཇེ་ཆེ་དང་ཕན་འབྲས་མངོན་སུམ་དུ་འགྱུར་བཞིན་ཡོད་ལ། ད་ལོར་རྒྱ་གར་དང་། ཕ་ཁེ་སི་ཐཱན། བལ་བོ། ཐར་ཁེ། འཇར་མན་སོགས་ས་གདན་ཐོན་སྐྱེད་བྱེད་བཞིན་པའི་ཕྱིའི་རྒྱལ་ཁབ33འགྲེམ་སྟོན་དུ་ཞུགས་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com