མཚོ་སྔོན་གྱིས་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་ཚོགས་སྐབས་དང་པོ་སྤེལ་རྒྱུ་ཡིན་པ།
ཉེ་ལམ། མཚོ་སྔོན་ཚོང་ཚོགས་ཀྱི་དབྱར་རྩྭ་དགུན་འབུ་ཐོན་ཁུངས་བཀོལ་སྤྱོད་དང་རྒྱུན་རིང་འཕེལ་རྒྱས་ཆེད་དོན་གླེང་སྟེགས་ཟི་ལིང་དུ་བསྡུས་ཤིང་། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ཆེད་མཁས་པ་རྣམས་གཅིག་ཏུ་འཛོམས་ཏེ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྔར་ལས་ལྷག་པར་ཇི་ལྟར་ལུགས་མཐུན་སྒོས་བཀོལ་སྤྱོད་བྱེད་པ་དང་རྒྱུན་རིང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་ཐད་ནས་བགྲོ་གླེང་མཛད། དེ་མིན་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་མཚན་རྟགས་བསྐྲུན་པ་དང་། དབྱར་རྩྭ་དགུན་འབུ་ཐོན་སྐྱེད་ལས་སྣོན་ཐོན་ལས་འཕེལ་རྒྱས་ལ་གང་ནུས་ཀྱིས་སྐུལ་འདེད་གཏོང་དགོས་པར། མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་ཟླ8པར་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་ཚོགས་སྤེལ་རྒྱུ་ཡིན་པ་རེད།
མཚོ་སྔོན་གྱི་ལོ་རེའི་དབྱར་རྩྭ་དགུན་འབུ་སློག་ཚད་ཏུན150ཡས་མས་དང་། ལོ་རེའི་ཚོང་ཚད་ནི་ཏུན100ཡས་མས་ཡིན་ཏེ་རྒྱལ་ཡོངས་ཀྱི60%ཡན་ཟིན། མིག་སྔར་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་བྲིན་དངུལ་སྒོར་ཐེར་འབུམ10ལས་བརྒལ་ཏེ་མིང་དོན་མཚུངས་པའི་འཛམ་གླིང་དབྱར་རྩྭ་དགུན་འབུ་ཐོན་སྐྱེད་གཙོ་འདོན་ཁུལ་དང་ཚོང་དོན་ཞིང་ཆེན་ཐོག་མར་གྱུར། དེ་དང་ཆབས་ཅིག་ཏུ་མཚོ་སྔོན་ཞིང་ཆེན་གྱིས་ཐོན་སྐྱེད་ཁུལ་ནས་ཞིང་ཆེན་ལྟི་གནས་གྲོང་ཁྱེར་དུ་ཡོངས་སུ་ཁེབས་པའི་ཚོང་སྦྲེལ་དྲ་རྒྱའི་མ་ལག་སྒྲིག་གཞི་བཟོས་ཡོད་པ་དང་། དབྱར་རྩྭ་དགུན་འབུ་ཚོང་དོན་འཁོར་རྒྱུག་ཐོན་ལས་ཀྱི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com