མགོ་ལོག་ཁུལ་རྨ་ཆེན་རྫོང་མར་ལོ་འོ་རྫས་ཚད་ཡོད་ཀུང་ཟི་བཙུགས་པ།
མགོ་ལོག་ཁུལ་རྨ་ཆེན་རྫོང་མར་ལོ་འོ་རྫས་ཚད་ཡོད་ཀུང་ཟི་བཙུགས་པ།
ཉེ་ལམ། མགོ་ལོག་ཁུལ་རྨ་ཆེན་རྫོང་མར་ལོ་འོ་རྫས་ཚད་ཡོད་ཀུང་ཟི་དངོས་སུ་སྒོ་ཕྱེས། མགོ་ལོག་ཁུལ་སྲིད་གྲོས་ཀྲུའུ་ཞི་བསོད་ནམས་ཚེ་རིང་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སྐལ་བཟང་ཚེ་རིང་། ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཚེ་རིང་སྐྱབས་དང་ཐང་ཞང་ཅུན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཡུན་ཚེ་རིང་སོགས་འབྲེལ་ཡོད་འགོ་ཁྲིད་དང་ཀུང་ཟིའི་གསར་འདོན་པའི་གཉེན་ཉེ་གྲོགས་པོ་ཚོ་ཐེངས་འདིའི་མཛད་སྒོར་ཞུགས།
མཛད་སྒོའི་སྟེང་། ཁུལ་དང་རྫོང་གི་འགོ་ཁྲིད་ཀྱིས་གཏམ་བཤད་གནང་བ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བསོད་ནམས་ཚེ་རིང་གིས་ཀུང་ཟིར་སྒོ་བྱང་བཀལ།
ཀུང་ཟིའི་གསར་འདོན་པ་ནི་དེ་སྔ་མགོ་ལོག་ཁུལ་གངས་རིའི་ཚད་ཡོད་འགན་འཁྲི་ཀུང་ཟིའི་ལས་སྒྲུབ་པ་སྒྲོལ་མ་ཚེ་རིང་ཡིན། མོ་ནི་ལོ43དང་བོད་རིགས་ཡིན། 2008ལོའི་ཟླ6པར་རྒྱལ་ཁབ་བཟོ་ཚོང་ཅུའུ་རུ“མར་ལོ”ཞེས་པའི་ཚོང་རྟགས་ཐོ་འགོད་བྱས་ཤིང་། 2010ལོའི་ཟླ9བར་རྨ་ཆེན་རྫོང་བཟོ་ཚོང་ཅུའུ་རུ“རྨ་ཆེན་རྫོང་མར་ལོ་འོ་རྫས་ཚད་ཡོད་ཀུང་ཟི”ཐོ་འགོད་བྱས་པ་མ་ཟད། 2013ལོའི་ལོ་མགོར་ལས་གཉེར་དཔང་ཡིག་དང་འོ་རྫསQSཐོན་སྐྱེད་དཔང་ཡིག་སོགས་འབྲེལ་ཡོད་ཐོབ་དབང་དཔང་ཡིག་བླངས།
ཀུང་ཟིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3000དང་། མ་དངུལ་གཏོང་ཚད་ཁྲི508། ལས་མི20ལྷག་ཡོད་ལ། གཙོ་ཆེར་ཞོ་དང་། མར། ཕྱུར་བ་སོགས་འོ་རྫས་རིགས་ལས་སྣོན་བྱེད་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com