བོད་ལྗོངས་སློབ་ཆེན་གྱིས་སྐད་སྒྲའི་བོད་ཀྱི་ལི་ཐོ་མཉེན་ཆས་ཚན་ཞིབ་སྔོག་འདོན་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-10 10:05:00 ཀློག་གྲངས།:
        དེ་ཡང་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོ་སྐོང་ཆེད། བོད་ལྗོངས་སློབ་ཆེན་གྱིས་ཚོང་རའི་རྟོག་ཞིབ་རྒྱ་ཆེར་སྤེལ་བའི་རྨང་གཞིའི་སྟེང་། བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་ཁྱད་འཕགས་ལ་བརྟེན་ནས་ཚན་ཞིབ་མི་སྣའི་ཚན་ཞིབ་གསར་གཏོད་ཀྱི་རང་འགུལ་རང་བཞིན་སྐུལ་སློང་སྒོས་དཀའ་ཁག་ཅན་གྱི་ཚན་རིག་འཚོལ་ཞིབ་བརྒྱུད། སྐད་སྒྲའི་བོད་ཀྱི་ལི་ཐོ་མཉེན་ཆས་ཨན་ཀྲུའོ་པར་གཞི(Androidཔར་གཞི)ཚན་ཞིབ་སྔོག་འདོན་བྱེད་ཐུབ་པ་བྱུང་བ་མ་ཟད། མིག་སྔར་ཚོད་ལྟ་དང་ཞིབ་བཤེར་རྩིས་ལེན་བྱ་བ་ལེགས་འགྲུབ་བྱུང་།
        ཉེ་བའི་ལོ་འགའི་ནང་། བོད་ལྗོངས་སློབ་ཆེན་གྱིས་གཙོ་ཆེར་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་ཞབས་ཞུའི་རྣམ་པ་དང་ནུས་ཤུགས་མཐོར་འདེགས་ཐད་ཤུགས་བསྣན་པ་དང་། མཐོ་རིམ་སློབ་གྲྭའི་ཤེས་ལྡན་མི་སྣའི་ཁྱད་འཕགས་རང་བཞིན་དང་ཤེས་རབ་ཀྱི་ཁྱད་འཕགས་རང་བཞིན་བཅས་འདོན་སྤེལ་གང་ལེགས་སྒོས་ཚན་རྩལ་གསར་གཏོད་ཐད་བརྩོན་ཞིང་། ཚན་རྩལ་ཐོན་རྫས་གསར་བ་སྔོག་འདོན་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བཟང་བོ་བསྐྲུན་པ་དང་། ད་སྔ་ཚན་ཞིབ་སྔོག་འདོན་བྱས་ཟིན་པའི་སྐད་སྒྲའི་བོད་ཀྱི་ལི་ཐོ་མཉེན་ཆས་ཀྱི་གྲངས་མཛོད་ནང་དོན་ནི། སྤྱི་ལོའི་ལོ་ཟླ་ཚེས་གྲངས་དང་དེ་དང་ལྟོས་བཅས་ཀྱི་བོད་ལུགས་ལོ་ཟླ་ཚེས་གྲངས། ཁྲིམས་ལུགས་གཏན་འཁེལ་གྱི་དུས་ཆེན་གུང་སེང་ཉིན་མོ། བོད་ཀྱི་སྲོལ་རྒྱུན་དུས་ཆེན། གཟའ་འཁོར། སྐར་ཚོམ་སོགས་ཆ་འཕྲིན་འདུས།
        མཉེན་ཆས་འདིའི་ངོས་གཞི་རུ་བོད་ཡིག་ཡོངས་སུ་ཤར་ཐུབ་ཅིང་། ད་སྔ་ཚོང་རའི་ཁྲོད་མི་དངོས་སྐད་གདངས་ཀློག་འདོན་བྱེད་པའི་བོད་ཡིག་མཉེན་ཆས་ཐོག་མ་ཡིན་པ་དང་། བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཀུན་གྱིས་སྤྱོད་ཆོག་པ་ཡིན། མཉེན་ཆས་འདི་ཀྲུང་གོའི་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་ཟིའི་དྲ་རྒྱའི་སྟེགས་བུར་བརྒྱུད་དེ་མགྱོགས་མྱུར་ངང་རྒྱ་ཆེའི་གཞི་རིམ་རོང་འབྲོག་མང་ཚོགས་ལ་མཁོ་འདོན་བྱ་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།