དུང་རི་མི་རིགས་མཁོ་ཆས་བཟོ་གྲྭས་བོད་ཀྱི་ལག་ཤེས་བཟོ་ལས་འཛིན་སྤེལ་བྱེད་བཞིན་པ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-11 15:08:00 ཀློག་གྲངས།:

东日民族用品加工厂
དུང་རི་མི་རིགས་མཁོ་ཆས་བཟོ་གྲྭའི་ལས་སྣོན་བྱེད་བཞིན་པའི་རས་གུར་གྱི་གཟུགས་དབྱིབས།

དུང་རི་མི་རིགས་མཁོ་ཆས་བཟོ་གྲྭའི་ལས་སྣོན་བྱེད་བཞིན་པའི་མཁོ་ཆས་སྣ་ཚོགས།

  དུང་རི་མི་རིགས་མཁོ་ཆས་ལས་སྣོན་བཟོ་གྲྭ་ནི1998ལོར་བཙུགས་པ་ཡིན་ལ། དེ་སྔོན་གྱི་ཆོས་རྗེ་སྦྲ་གུར་བཟོ་གྲྭ་ཞེས་པ་དེ་རེད། ད་ལྟའི་ས་གནས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་དུ་ཡོད། བཟོ་གྲྭ་འདིས་གཙོ་བོ་མི་རིགས་ཀྱི་མཁོ་ཆས་འཆར་འགོད་དང་། ལས་སྣོན། ཕྱིར་འཚོང་བྱེད་བཞིན་ཡོད་པ་སྟེ། ནོར་དང་ལུག་གི་བལ་ལས་གྲུབ་པའི་གནའ་བོའི་ཁྱད་ཆོས་ལྡན་པའི་སྦྲ་གུར་དང་། བོད་ལྭ། འཁལ་འཐག་ཐོན་རྫས་རིགས་སྣ་ཚོགས་འདུས། དེར་མ་ཟད་དེང་རབས་ཀྱི་དགོས་མཁོ་དང་ཟུང་དུ་སྦྲེལ་ཐོག རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་མཁོ་ཆས་བཟོ་བའི་ཁེ་ལས་ཤིག་ཡིན་པ་རེད།
  ལོ་མང་པོར་ཐོན་རྫས་གསར་སྐྲུན་བྱས་པར་བརྒྱུད་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་པ་དང་མཉམ་དུ། འཐུས་སྒོ་ཚང་བའི་ལག་རྩལ་གྱི་རྒྱབ་སྐྱོར་དང་། ཐོན་སྐྱེད་རྟེན་གཞི། ཚོང་རའི་མ་ལག  ཆེས་བཟང་བའི་རྒྱུ་ཆ། སྔོན་ཐོན་གྱི་སྒྲིག་ཆས་སོགས་འདུས་ལ། དུང་རི་མི་རིགས་མཁོ་ཆས་བཟོ་གྲྭས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དངོས་གནས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ཆེས་ཆེར་ལྡན་པའི་ཁར། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་མཚོ་ལྷོའི་ལས་ཞུགས་ལ་སྐུལ་སྤེལ་བྱེད་པར་དགེ་མཚན་མི་དམན་པ་ལྡན་པ་རེད།


དུང་རི་མི་རིགས་མཁོ་ཆས་བཟོ་གྲྭའི་ཐོན་རྫས།

དུང་རི་མི་རིགས་མཁོ་ཆས་བཟོ་གྲྭའི་ཐོན་རྫས།

དུང་རི་མི་རིགས་མཁོ་ཆས་བཟོ་གྲྭའི་བོད་ལྭ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།