མཚོ་སྔོན་ཚལ་རྔ་འགག་མཛེས་ལྗོངས་ཁྱབ་སྤེལ་བགྲོ་གླེང་ཚོགས་འདུ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-31 10:59:00 ཀློག་གྲངས།:


མཚོ་སྔོན་ཚལ་རྔ་འགག་མཛེས་ལྗོངས་ཁྱབ་སྤེལ་བགྲོ་གླེང་ཚོགས་འདུ་སྤེལ་བ།

      ཟླ3པའི་ཚེས29ཉིན། མཚོ་ལྷོ་ཁུལ་ཡུལ་སྐོར་ཅུའུ་དང་མཚོ་སྔོན་དབྱི་ཡོན་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་ཟི་གཉིས་མཉམ་འབྲེལ་གྱིས་སྤེལ་བའི་མཚོ་སྔོན་ཚལ་རྔ་འགག་མཛེས་ལྗོངས་ཁྱབ་སྤེལ་བགྲོ་གླེང་ཚོགས་འདུ་དེ་ཚལ་རྔ་འགག་གྲོང་རྡལ་ཅཱ་རི་གསོལ་མགྲོན་ཁང་དུ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའི་འབྲེལ་ཡོད་ཚན་ཁག་དང་། མཚོ་ལྷོ་ཁུལ་ཡུལ་སྐོར་ཅུའུ། གསེར་ཆེན་རྫོང་འཕེལ་རྒྱས་བཅོས་སྒྱུར་ཅུའུ། གསེར་ཆེན་རྫོང་ཡུལ་སྐོར་ཅུའུ། དེ་མིན་མཚོ་སྔོན་ལྕགས་ལམ་དང་མཁའ་འགྲུལ་རྒྱལ་ཁབ་ཡུལ་སྐོར་སྣེ་ལེན་ཁང་སོགས་འབྲེལ་ཡོད་ཡུལ་སྐོར་སྣེ་ལེན་ཁང18བཅས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ལ། ཀུང་ཟིའི་ལས་འཛིན་པས་ཚོགས་འདུ་ལ་མདོ་འཛིན་དང་། མཚོ་ལྷོ་ཁུལ་ཡུལ་སྐོར་ཅུའི་འགོ་གཙོ་རིན་བྷེ་ཡིས་གཏམ་བཤད་གནང་།


མཚོ་ལྷོ་ཁུལ་ཡུལ་སྐོར་ཅུའི་འགོ་གཙོ་རིན་བྷེ་ཡིས་གཏམ་བཤད་གནང་བཞིན་པ།

      གྲོས་ཚོགས་སུ་ཀུང་ཟིའི་འབྲེལ་ཡོད་འགན་འཛིན་པས་ཚོགས་ཞུགས་བློ་མཐུན་རྣམས་ལ་ཚལ་རྔ་འགག་མཛེས་ལྗོངས་ཀྱི་འཆར་འགོད་དང་། ཡུལ་སྐོར་གྱི་ལམ་ཐིག  ཡུལ་སྐོར་རྣམ་གྲངས། ཡུལ་སྐོར་ཐོན་རྫས་སོགས་མཚམས་སྦྱོར་གནང་བ་དང་། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཚལ་རྔ་འགག་མཛེས་ལྗོངས་ལ་གདེང་འཇོག་དང་མཛེས་ ལྗོངས་ཀྱི་སྣེ་ལེན་ནུས་ཤུགས་དང་། སྒོ་འཛིན། གྲུ་འཛིན། སྡོད་གནས། བཟའ་བཏུང་གི་རིན་གོང་ཚད་གཞི་སོགས་ཀྱི་ཐད་ནས་འདོད་བློ་དང་བསམ་འཆར་བཏོན།

མཚོ་སྔོན་ཚལ་རྔ་འགག་མཛེས་ལྗོངས་ཁྱབ་སྤེལ་བགྲོ་གླེང་ཚོགས་སྤེལ་བ།
ཉ་གསོ་སྐྱོང་ཁུལ།

      བགྲོ་གླེང་ཚོགས་འདུའི་ཉིན་སྔོན་མར། ད་དུང་ཆེད་དུ་ཚལ་རྔ་འགག་གྲུ་ཐོག་གཟིགས་མོ་དང་། གྲུར་བསྡད་དེ་ཚལ་རྔའི་མཚོ་ལ་གཟིགས་མོ། ཉ་གསོ་སྐྱོང་ཁུལ་དང་། སའི་དགའ་ཚལ་ལ་ལྟ་གཟིགས་སོགས་བྱ་འགུལ་དུ་མའང་སྤེལ།
      2012ལོའི་ཟླ8པར། པེ་ཅིང་དབྱི་ཡོན་ཀུང་ཟིས་མཚོ་ལྷོ་ཁུལ་སྲིད་གཞུང་དང་གསེར་ཆེན་རྫོང་སྲིད་གཞུང་ལ་ཚལ་རྔ་འགག་མཛེས་ལྗོངས་སྔོག་འདོན་བྱེད་པའི་གན་རྒྱ་བཞག་པ་མ་ཟད།  གནས་དེ་རུ་མཚོ་སྔོན་དབྱི་ཡོན་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་ཟི་ཐོ་འགོད་བྱས་ཏེ་ལས་གཞི་འདིར་འགན་འཁུར་བ་ཡིན། 2014ལོ་ནས་བཟུང་མཛེས་ལྗོངས་ལ་ཁག་སོ་སོ་བགོས་ཏེ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་། གང་ནུས་ཀྱིས2014ལོའི་ཟླ7པའི་ནང་ལས་གཉེར་ཚོད་ལྟ་བྱེད་རྒྱུ་རེད།


སའི་དགའ་ཚལ་གྱི་མཛེས་ལྗོངས།

      མཛེས་ལྗོངས་འདི་འཆར་འགོད་ལྟར་ན་དུས་ཡུན་ལོ7-10བར་སྔོག་འདོན་བྱ་རྒྱུ་ཡིན་ཞིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར16.5ཡས་མས་བཏང་།


ཚལ་རྔ་འགག་མཛེས་ལྗོངས་ཀྱི་དབྱིབས་གཟུགས།

སྔོག་འདོན་དུས་རིམ་ཐོག་མ་ནི2014ལོ་ནས2016ལོའི་བར་ཡིན་ལ། མ་དངུལ་སྒོར་དུང་ཕྱུར5.5། སྔོག་འདོན་གྱི་རྣམ་གྲངས་ནི་ཆུ་རགས་ཆེན་པོའི་རིག་གནས་ཐང་ཆེན་དང་མཐའ་འཁོར་གྱི་སྒྲིག་ཆས། རིག་གནས་གྲོང་ཆུང་གི་གཞུང་ལམ་ལེགས་བཅོས། ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས། རྨ་ཆུའི་གྲོག་རོང་མཛེས་ལྗོངས་དང་སྒྲིག་ཆས། སའི་དགའ་ཚལ་གྱི་མཛེས་ལྗོངས་དང་སྒྲིག་ཆས་འཛུགས་སྐྲུན་སོགས་ཡིན
སྔོག་འདོན་དུས་རིམ་བར་མ་ནི2017ལོ་ནས2020ལོའི་བར་ཡིན་ལ། མ་དངུལ་སྒོར་དུང་ཕྱུར5གཏོང་རྒྱུ་ཡིན་པ། གཙོ་ཆེར་རིག་གནས་གྲོང་ཆུང་བཅོས་སྒྱུར་དང་། ཆུ་ཐོག་གི་སྒྲིག་ཆས་འཛུགས་སྐྲུན། ཆུ་འགྲམ་གྱི་རྒན་པོའི་ལུས་གསོ་ལྟེ་གནས་འཛུགས་སྐྲུན་སོགས་འདུས།
སྔོག་འདོན་དུས་རིམ་མཐའ་མ་ནི2021ལོ་ནས2024ལོའི་བར་ཡིན། མ་དངུལ་སྒོར་དུང་ཕྱུར6གཏོང་རྒྱུ་ཡིན་པ། སྔོག་འདོན་གྱི་རྣམ་གྲངས་ནི་མཛེས་ལྗོངས་ཀྱི་མཐའ་འགྲམ་རྣམ་གྲངས་དང་། མཚོའི་ནུབ་ཕྱོགས་ཀྱི་བྱེ་མའི་ཁུལ། ཏིང་ཀྱཱ་དགོན། དེ་མིན་མཚོའི་བྱང་འགྲམ་གསོལ་མགྲོན་ཁང་འཛུགས་སྐྲུན་སོགས་འདུས་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།