བོད་རིགས་ཚོང་བས་ཨ་རིའི་ནུབ་རྒྱུད་ཀྱི་གྱོན་ཆས་བོད་ཁུལ་གྱི་ཚོང་རར་དྲངས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-06 10:21:00 ཀློག་གྲངས།:


ཟི་ལིང་གཡག་རྫི་ཉོ་ཚོང་ཚད་ཡོད་ཀུང་ཟིའི་ཨ་རིའི་ནུབ་རྒྱུད་གླང་རྫི་ཆེད་གཉེར་ཁང་དངོས་སུ་གཉེར་མགོ་བརྩམས།

      ཟླ5བའི་ཚེས1ཉིན། ཟི་ལིང་གཡག་རྫི་ཉོ་ཚོང་ཚད་ཡོད་ཀུང་ཟིའི་ཨ་རིའི་ནུབ་རྒྱུད་གླང་རྫི་ཆེད་གཉེར་ཁང་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བཙུགས་ཏེ་དངོས་སུ་གཉེར་མགོ་བརྩམས།



བོད་རིགས་ཚོང་བས་ཨ་རིའི་ནུབ་རྒྱུད་ཀྱི་གྱོན་ཆས་བོད་ཁུལ་གྱི་ཚོང་རར་དྲངས།

      རྒྱུས་ལོན་པ་ལྟར་ན། ཟི་ལིང་གཡག་རྫི་ཉོ་ཚོང་ཚད་ཡོད་ཀུང་ཟི་ནི2013ལོའི་ཟླ8པར་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཐོ་འགོད་བྱས་ཤིང་། ཚོང་ཟོང་ཕྱི་གཏོང་ནང་འདྲེན་གྱི་ཁྲིམས་མཐུན་འགྲོ་ལུགས་ཆ་ཚང་བའི་ཁེ་ལས་ཤིག་ཡིན། ཚོང་ཟོང་གི་རྒྱུ་སྤུས་དང་ཡོང་ཁུངས་ལ་ཁག་ཐེག་བྱེད་ཆེད། ཀུང་ཟིས་ཨ་མེ་རི་ཁར་ཡང་ཡན་ལག་ལས་ཁུངས་བཙུགས་ནས་ཐད་ཀར་ཨ་མེ་རི་ཁའི་ཀུང་ཟི་ནས་ཚོང་ཟོང་ནང་འདྲེན་བྱེད་ཀྱིན་ཡོད། ཚོང་ཟོང་གི་རིགས་ལ་བོད་མི་རིགས་དགའ་མོས་ཆེ་བའི་མདའ་གཞུ་དང་མེ་ཆ། Cowboyསྟེ་ནུབ་རྒྱུད་གླང་རྫིའི་ཞྭ་གོས་ལྷམ་གསུམ་དང་རྟ་སྒ། གསེར་སོགས་ལྕགས་རིགས་འཚོལ་ཆས་དང་ཨིན་ཊེ་ཨན་མི་རིགས་ཀྱི་རིག་གནས་མཚོན་པའི་ཡོ་ཆས་སོགས་སྣ་ཚོགས་ཡོད།

      ནུབ་རྒྱུད་གླང་རྫི་ནི་དུས་རབས18ནས་དུས་རབས19བར་ལ་ཨ་རིའི་ཡངས་ཤིང་རྒྱ་ཆེ་བའི་ནུབ་རྒྱུད་ས་ཁུལ་གསར་འབྱེད་བྱེད་པའི་གདོང་ལེན་པ་ཡིན་ལ། གླང་རྫིའི་ནམ་རྒྱུན་གྱི་ཆས་གོས་ནི་ཞགས་པ་དང་གླང་རྫིའི་ཞྭ། ལག་རས་དང་གླང་རྫིའི་སྟོད་ལྭ། གླང་རྫིའི་དོར་མ་དང་གླང་རྫིའི་འཇུར་རྟ་བཅས་ཡིན་ལ། དེ་དག་ལས་གླང་རྫིའི་ཞྭ་ལ་སྤྱོད་སྒོ་མང་དུ་ལྡན་ཏེ། ཉི་མའི་ཚ་ཟེར་དང་གངས་ཆར་རླུང་སེར་སོགས་འགོག་ཐུབ་པར་མ་ཟད། ཆུ་སྐྱོགས་དང་ཟས་ཕོར་དེ་བཞིན་སྔས་མགོ་སོགས་ཀྱང་བྱས་ཆོག གླང་རྫིའི་འཇུར་རྟ་ནི་ཨ་རིའི་ནུབ་རྒྱུད་དུ་ཉིན་རྒྱུན་མཁོ་ཆས་ལྟར་ཁྱབ་བརྡལ་དུ་སོང་ཡོད་དེ། གླང་རྫི་ཁོ་ན་མིན་པར་མི་གཞན་གྱིས་དགའ་མོས་བྱེད། དེའི་རྒྱུ་ཆ་ལ་ཡང་གླང་ཀོ་དང་བེའུའི་ཀོ་བ། བྱ་རྔ་མོང་གི་པགས་པ། ཀླུ་བདུད་ཀྱི་ཀོ་བ། སྦྲུལ་པགས་སོགས་ཡོད་ལ། རྒྱུ་སྤུས་བཟང་ཞིང་རྐང་པར་བདེ། གླང་རྫིའི་འཇུར་རྟ་སྤུས་ལེགས་ཤིག་གིས་ལོ་ངོ་ཉི་ཤུ་སུམ་ཅུ་ཙམ་ཐུབ་ཀྱིན་འདུག དེའི་སྟེང་དུ་མཛེས་རྒྱན་སྤྲས་ཚེ་ལྷག་ཏུ་བརྗིད་ཉམས་ལྡན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།