ཆེད་ལས་མཉམ་ལས་ཁང་གིས་སྣེ་ཁྲིད་དེ་འབྲོག་དམངས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།
ཆེད་ལས་མཉམ་ལས་ཁང་གིས་སྣེ་ཁྲིད་དེ་འབྲོག་དམངས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།
རྩྭ་ཕྱུགས་དོ་སྙོམས་ལ་ཤུགས་བསྣན་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཆགས་རྒྱུ་ནི་དེང་གི་ཕྱུགས་ཟོག་འཚོ་སྐྱོང་གི་བྱེད་ཐབས་ལེགས་ཤོས་ཤིག་ཡིན། གནས་ཚུལ་འདི་དང་བསྟུན་ནས། ཐེམ་ཆེན་རྫོང་གོ་ལྡང་ནོར་གནག་འོ་མའི་ཆེད་ལས་མཉམ་ལས་ཁང་གིས2009ལོ་ནས་བཟུང་ནོར་གནག་གསོ་སྤེལ་ར་བ་དེ་བཙུགས་ཤིང་། འགན་འཛིན་པ་དར་རྒྱས་ཡག་གིས་ས་གནས་གཞན་དུ་ཕྱིན་ནས་བསླབ་པའི་ཕྱུགས་ཟོག་གསོ་སྤེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དེ་སྤྱད་ནས་རང་ས་གནས་ནས་ཕྱུགས་ཟོག་གསོ་སྤེལ་བྱས་པ་ལ། ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེར་ཆེར་ཐོབ།
ཐེམ་ཆེན་རྫོང་ནི་མཚོ་ངོས་ལས་རྨིད3000ཡན་གྱི་མཐོ་སྒང་གི་ས་ཆ་ཞིག་ཡིན་ལ། ནོར་གནག་འཚོ་སྐྱོང་བྱེད་པ་ལ་ཆེས་འོས་ཤིང་འཚམས་པའི་ས་བབས་ཤིག་ཀྱང་ཡིན། དེ་བས། གོ་ལྡང་ནོར་གནག་འོ་མའི་ཆེད་ལས་མཉམ་ལས་ཁང་གིས་གནས་འདི་ནས་ནོར་གནག་གསོ་སྤེལ་ར་བ་བཙུགས་པ་དེས་ས་གནས་ཀྱི་མང་ཚོགས་མང་པོ་ཞིག་གིས་ཕྱུགས་ཟོག་གསོ་སྤེལ་བྱེད་པ་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པར་མ་ཟད། ཁོ་ཚོས་གཅིག་ནས་སྲོལ་རྒྱུན་གྱི་ཕྱུགས་ཟོག་འཚོ་བའི་ཉམས་མྱོང་སྟེང་ནས་དེང་གི་ཚན་རིག་གི་ཕྱུགས་ཟོག་འཚོ་ཐབས་དང་ཟུང་འབྲེལ་བྱས་པས། ཏག་ཏག ལོ་ངོ་གཅིག་གཉིས་ཙམ་གྱི་རིང་ལ་གསོ་སྤེལ་བྱ་བ་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད།
དེ་བས། སྔ་ཕྱིར་ཁུལ་དང་རྫོང་རིམ་པ་སོ་སོས་གསོ་སྤེལ་ར་བ་འདིར་རྒྱབ་སྐྱོར་དང་གཟེངས་བསྟོད་གང་ལེགས་ཐོབ་པར་མ་ཟད། མིག་སྔར། གསོ་སྤེལ་ར་བ་འདི་ནི་ཐེམ་ཆེན་རྫོང་གི་ས་གནས་རང་བཞིན་གྱི་གསོ་སྤེལ་ར་བའི་མིག་དཔེ་བལྟ་ས་ཞིག་ཏུ་གྱུར་ཡོད་ལ། རང་ས་གནས་དང་ས་གནས་གཞན་གྱི་མི་རྣམས་ཀྱིས་གནས་འདི་ནས་གསོ་སྤེལ་གྱི་ཉམས་མྱོང་མང་པོ་ཞིག་ཕན་ཚུན་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་སྤེལ་ནས། གསོ་སྤེལ་ར་བ་འདིས་འབྲོག་དམངས་ཀྱི་འཚོ་བའི་ཁེ་སྤོགས་དང་། རྩྭ་ཕྱུགས་དོ་སྙོམས། སྐྱེ་ཁམས་སྲུང་སྐྱོབ་བཅས་ལ་ཕན་འབྲས་ངེས་ཅན་ཞིག་ཐོབ་པ་དང་ལྷན་དུ་འབྲོག་དམངས་རྣམས་མཉམ་ལས་ཁང་ལ་ཞུགས་པར་ཡང་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཐོན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com