མང་རྫོང་གངས་ལྷ་མེ་ཏོག་མི་རིགས་གྱོན་ཆས་ཚད་ཡོད་ཀུང་ཟི་ངོ་སྤྲོད།
མང་རྫོང་གངས་ལྷ་མེ་ཏོག་མི་རིགས་གྱོན་ཆས་ཚད་ཡོད་ཀུང་ཟིས་སྒྲིག་བཟོ་བྱས་པའི་སྐྲ་ལོང་།
འཚེམ་དྲུབ་བྱེད་བཞིན་པ།
རྒྱབ་ཀྱི་འདོགས་ཆ།
སྐྲ་ལོང་།
སྐྲ་ལོང་བཟོ་བ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་བྱ་མདོ་ཡུལ་ཚོ་ནི་ཨ་མདོ་ས་ཁུལ་དུ་མི་རིགས་གྱོན་ཆས་ཏེ་བོད་ཀྱི་སྐྲ་ལོང་སྒྲིག་བཟོ་བྱེད་པའི་ཕ་ས་ཡིན་ཞིང་། བོད་ཀྱི་གཙགས་དྲུབ་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཡོད།
གངས་ལྷ་མེ་ཏོག་མི་རིགས་གྱོན་ཆས་ཀུང་ཟི་ནི་བོད་ལྭ་དང་སྐྲ་ལོང་ཐོན་སྐྱེད་བྱེད་པའི་མི་རིགས་གྱོན་ཆས་ཀུང་ཟི་ཞིག་ཡིན་ལ། 2013ལོར་བཙུགས་པ་དང་། མིག་སྔར་ལས་སྒྲུབ་པ90ལྷག་ཡོད་ཅིང་། བྱ་མདོ་ས་ཁུལ་གྱི་བུད་མེད་མང་ཆེ་བས་གྱོན་ཆས་སྣ་ཚོགས་ཏེ་སྐྲ་ལོང་དང་སྐྲ་ཤུབས་སོགས་བཟོ་ཤེས་ལ། འདི་ལྟ་བུའི་ཁྱད་དུ་འཕགས་པའི་བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་ནི་ད་ལྟའི་བར་ཞིང་གྲོང་ཁྱིམ་རྒྱུད་དུ་རྒྱུན་འཛིན་བྱས་ཡོད་པ་དང་། ད་ལྟ་བྱ་མདོ་ས་ཁུལ་གྱི་གྱོན་ཆས་བོད་ཀྱི་རིག་གནས་ཐོན་སྐྱེད་དུ་འཐིམ་ཏེ་ཁུལ་ཡོངས་དང་ཐ་ན་ཞིང་ཆེན་ཕྱི་ནང་གི་བོད་ཁུལ་དུ་ཁྱབ་སྤེལ་བྱས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com