མཚོ་ལྷོ་ཁུལ་གྱི་ཁྱད་ཆོས་ལྡན་པའི་ལྷད་མེད་ཐོན་རྫས་ཀོང་ཀྲིག་གྲོང་ཁྱེར་ནས་འགྲེམ་སྟོན་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-01-15 08:54:00 ཀློག་གྲངས།:
      སྤྱི་ཟླ1པོའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་། ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་ཡུལ་སྐོར་མཚམས་སྦྱོར་འགྲེམ་སྟོན་ཚོགས་འདུ་དེ་ཀོང་ཀྲིག་གྲོང་ཁྱེར་དུ་བསྡུས།
      མཚོ་ལྷོ་ཁུལ་དཔལ་འབྱོར་ཚོང་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲོ་ཅན་ཆོན་གྱིས་མཚམས་སྦྱོར་ལྟར་ན། ཀོང་ཀྲིག་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་མདོ་དབུས་མཐོ་སྒང་གི་ཐོན་རྫས་ལ་ཁས་ལེན་དང་། གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད་ལ། མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ཅན་གྱི་ཕྱུགས་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་ཟིས་ཕྱུགས་འཚོ་བ་དང་། ཐོན་རྫས་ལས་སྣོན། ཐོན་རྫས་ཕྱིར་བཙོང་བ་སོགས་གཞི་གཅིག་ཏུ་སྒྲུབ་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བཅངས་བ་དང་། ཐོན་རྫས་ཀྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་པ་དཀྱིལ་སྙིང་དུ་བཟུང་ཡོད་ཟེར།
      ཐེངས་འདིའི་མཚམས་སྦྱོར་ཚོགས་འདུའི་སྟེང་དུ། ནོར་ཤ་དང་། ལུག་ཤ། འོ་མ། ཤ་སྐམ་སོགས་དང་། དེ་མིན་ད་རུང་སིལ་ཁུ་དང་། ནས་ཆང་འགྲེམ་སྟོན་བྱས། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཐོན་རྫས་མཚམས་སྦྱོར་གྲོས་ཚོགས་སྟེང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་འཐུས་ཚབ་ཐོན་རྫས་ཁེ་ལས་ཀུང་ཟི་བཅུ་དང་། མགྲོན་པོ་སུམ་བརྒྱ་ལྷག་ཞུགས་ཡོད་ལ། བརྙན་རིས་དང་བརྙན་ཕབ། གླུ་བྲོ་འགྲེམ་སྟོན། དམངས་སྲོལ་བཅས་ཀྱི་སྣ་མང་བྱེད་ཐབས་ལ་བརྟེན་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་དང་། རང་བྱུང་གི་མཛེས་ལྗོངས། གཏིང་ཟབ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཅས་མངོན་པར་མཚོན་ཡོད་པ་མ་ཟད། ཀོང་ཀྲིག་གྲོང་ཁྱེར་གྱི་ས་གནས་མང་ཚོགས་ལ་མདོ་དབུས་མཐོ་སྒང་གི་ཡུལ་སྐོར་གྱི་ཁྱད་ཆོས་སྔར་ལས་ལྷག་པའི་རྒྱུས་ལོན་བྱེད་དུ་བཅུག་པ་མ་ཟད། ཚོང་ལས་ཡར་སྐུལ་བརྗེ་རེས་མཉམ་འབྲེལ་གྱི་སྟེགས་བུ་ཆེན་པོ་ཞིག་བསྐྲུན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།