ངོས་དང་པོ > སྐབས་དོན། > སྤྱི་ཚོགས་དཔལ་འབྱོར། > མཚོ་སྔོན་བོད་རིགས་ས་ཁུལ་གྱི་སློབ་ཆེན་པའི་ལས་ཞུགས་ཚད་ཆེས་ཆེར་འཕར་བ།
མཚོ་སྔོན་བོད་རིགས་ས་ཁུལ་གྱི་སློབ་ཆེན་པའི་ལས་ཞུགས་ཚད་ཆེས་ཆེར་འཕར་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2015-02-13 09:52:00
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་གྲངས་གཞི་མཁོ་འདོན་བྱས་པ་ལྟར་ན། 2012ལོ་ནས་ད་བར་མཚོ་སྔོན་བོད་རིགས་ས་ཁུལ་གྱི་སློབ་ཆེན་སློབ་མའི་ལས་ཞུགས་ཚད་བརྒྱ་ཆའི35.9ནས་བརྒྱ་ཆའི92.5ལ་འཕར་ཡོད་པ་རེད།
རྒྱུ་རྐྱེན་སྣ་ཚོགས་ཀྱིས་མཚོ་སྔོན་བོད་རིགས་ས་ཁུལ་གྱི་སློབ་ཆེན་སློབ་མ་ལས་ཞུགས་ཀྱི་ལས་དོན་ནི་ཡུན་རིང་ནང་མཚོ་སྔོན་ལས་ཞུགས་ལས་དོན་གྱི་དཀའ་གནད་དང་གཙོ་གནད་དུ་གྱུར་ཅིང་། དེར་བརྟེན་རྒྱལ་ཁབ་འབྲེལ་ཡོད་ཚན་པའི་རྒྱབ་སྐྱོར་འོག 2012ལོར་མཚོ་སྔོན་ཞིང་ཆེན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཚོད་ལྟ་བྱས་པ་རེད།
ཚོད་ལྟ་བྱས་པ་བརྒྱུད་མཚོ་སྔོན་གྱི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་སྲིད་འཛིན་དང་བྱ་གཞག་ཚན་པའི་ཡོངས་བསྒྲགས་རྒྱུགས་བསྡུའི་ལས་དོན་སྒྲིག་འཛུགས་བྱེད་པའི་ཁྲོད་བོད་རིགས་ས་ཁུལ་གྱི་གཞི་རིམ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་དང་། སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡོངས་བསྒྲགས་རྒྱུགས་བསྡུ་དང་བོད་རིགས་ས་ཁུལ་ལ་ལྟ་རྟོག་དང་གཟིགས་སྐྱོང་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཡོད།
བོད་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མར་དམིགས་ནས་ལོ་ནའི་ཚད་བཀག་དང་སློབ་རྒྱུས་ཀྱི་རེ་བ་ལྷུག་ཏུ་གཏོང་བ་དང་། ཡོངས་བསྒྲགས་རྒྱུགས་བསྡུའི་བསྡུར་གྲངས་དམའ་རུ་གཏོང་བ། གནས་གཏན་འཁེལ་ངང་བོད་རིགས་ས་ཁུལ་དུ་རྒྱུགས་བསྡུ་བྱེད་པའི་བསྡུར་གྲངས་མཐོ་རུ་གཏོང་བ་སོགས་སྲིད་ཇུས་དང་བྱེད་ཐབས་ཁག18ལག་བསྟར་བྱས་ནས་སྔ་རྗེས་སུ་སློབ་ཐོན་སློབ་མ3118རྒྱུགས་བསྡུ་བྱས་ཏེ་བོད་རིགས་ས་ཁུལ་གྱི་གཞི་རིམ་ལས་ཁུངས་དང་བྱ་གཞག་ཚན་པར་བཀོད་སྒྲིག་བྱས་པ་རེད། བོད་རིགས་ས་ཁུལ་གྱི་སློབ་ཆེན་སློབ་མའི་ལས་ཞུགས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ལས་ཞུགས་དང་ལས་གཏོད་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། བསྡོམས་རྩིས་ལྟར་ན།ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་སྤྱོད་པའི་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་དང་དུས་ཐེངས་གཅིག་གི་བྱ་དགའི་མ་དངུལ་སྒོར་ཁྲི2009.8ཙམ་ཟིན་པ་དང་། ལས་རིགས་གསོ་སྦྱོང་གི་ཁ་གསབ་སྒོར་ཁྲི1551ཟིན་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།