འབའ་རྫོང་གིས་བུད་མེད་འགན་ལེན་འབོར་ཆུང་བསྐྱི་དངུལ་བྱ་བ་འཁོར་སྤྱོད་བཟང་པོ་བྱས་པ།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-19 10:05:00 ཀློག་གྲངས།:

འབའ་རྫོང་གིས་བུད་མེད་འགན་ལེན་འབོར་ཆུང་བསྐྱི་དངུལ་བྱ་བ་འཁོར་སྤྱོད་བཟང་པོ་བྱས་པ།
འབའ་རྫོང་གིས་བུད་མེད་འགན་ལེན་འབོར་ཆུང་བསྐྱི་དངུལ་བྱ་བ་འཁོར་སྤྱོད་བཟང་པོ་བྱས་པ།

     བུད་མེད་འགན་ལེན་བསྐྱི་དངུལ་གྱིས་བུད་མེད་ལ་བྱེད་སྒོ་གསར་སྤེལ་དང་ལས་ཞུགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་དང་ནུས་ཤུགས་ཡོད་རྒུས་མཁར་གྲོང་བུད་མེད་ཀྱི་བྱེད་སྒོ་གསར་སྤེལ་དང་ལས་ཞུགས་ལ་རོགས་སྐྱོར་བྱེད་ཆེད། ཉེ་ཆར། འབའ་རྫོང་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་འགན་ལེན་བསྐྱི་དངུལ་བྱ་བ་སྤེལ་མགོ་བརྩམས།
     བུད་མེད་འགན་ལེན་བསྐྱི་དངུལ་བྱ་བ་ནི་གོམ་གང་མདུན་སྤོས་ཀྱིས་བུད་མེད་ལ་བྱེད་སྒོ་གསར་སྤེལ་གྱི་རོགས་སྐྱོར་ནུས་ཤུགས་མཐོར་འདེགས་དང་། བུད་མེད་རྣམས་བྱེད་སྒོ་གསར་སྤེལ་གྱི་གོ་རིམ་ཁྲོད་མ་དངུལ་དཀོན་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་ཡིན། རྣམ་གྲངས་འདིའི་རོགས་སྐྱོར་བྱ་ཡུལ་ནི་ལོ55མན་དང་ཁ་བཤད་དོན་ལ་གནས་པ། སྒྲིག་ཁྲིམས་བརྩི་སྲུང་དང་འབའ་རྫོང་གི་ཁྱིམ་ཐོ་ཡིན་པ་མ་ཟད། འབའ་རྫོང་ནས་ཐོ་འགོད་ཁྲལ་འཇལ་བྱས་ཡོད་པའི་མཁར་གྲོང་གི་བུད་མེད་ཡིན་དགོས།


ཡུལ་དངོས།

     རོགས་སྐྱོར་རྣམ་གྲངས་ལ། ཁྱིམ་གྱི་ལག་ཤེས་བཟོ་ལས་དང་འདེབས་འཛུགས་ལས་རིགས། གསོ་སྤེལ་ལས་རིགས་དང་མགྲོན་ཁང་ཞབས་ཞུ་ལས་རིགས། ཁྱིམ་སྲིད་ཞབས་ཞུ་དང་སློབ་གསོ་ཞབས་ཞུ་སོགས་ཡོད་ལ།  བསྐྱི་དངུལ་གྱི་གཏོང་ཚད་ནི་སྒོར་ཁྲི2ནས་ཁྲི5བར་ཡིན་པ་དང་ཆེས་མཐོ་བའི་མ་དངུལ་སྒོར་ཁྲི8ལས་མི་བརྒལ་བ། སློབ་གྲྭ་ཆེན་མོ་དང་ཚན་རིག་ལག་རྩལ་མི་སྣས་བྱེད་སྒོ་གསར་སྤེལ་བྱེད་མཁན་ལ་ཆེས་མཐོ་བའི་མ་དངུལ་སྒོར་ཁྲི10དང་མ་དངུལ་བསྐྱི་བའི་དུས་ཡུན་ནི་ལོ་གཉིས་ཡིན་པ་མ་ཟད་བུན་སྐྱེད་མེད་པའི་སྲིད་ཇུས་ལོངས་སྤྱོད་བྱས་ཆོག  མིག་སྔར། བསྡོམས་པའི་བུད་མེད129ཞིབ་བཤེར་གཏན་འབེབས་བྱས་པ་དང་སྒོར་ཁྲི813བཏང་ལ། ནོར་སྲིད་ཅུས་བསྐྱི་དངུལ་གྱི་སྐྱེད་ཀ་སྒོར728041.5གཏོང་སྤྲོད་བྱས།

     རྒྱུས་ལོན་བྱས་པ་ལྟར་ན། རྣམ་གྲངས་མ་དངུལ་གཏོང་ཐུབ་པ་དང་། བསྡུས་ཐུབ་པ།  ཕན་འབྲས་མངོན་གསལ་ཡིན་པའི་འཁོར་རྒྱུག་བཟང་པོ་ཡོང་ཆེད། རྫོང་བུད་མེད་ལྷན་ཚོགས་ཀྱིས་སྣེ་ཁྲིད་དང་འགན་ནུས་སྡེ་ཁག་སོ་སོས་རྒྱབ་སྐྱོར་འོག  གནས་གཅིག་རྣམ་པའི་ཞབས་ཞུ་དང་། འགྲོ་ལུགས་སྟབས་བདེ་དང་བྱ་བའི་ལས་ཚད་མཐོ་ཆེད། རྫོང་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་འགན་ལེན་བསྐྱི་དངུལ་བྱ་བའི་གཞུང་སྒྲུབ་ཁང་བཙུགས་ལ།  རྫོང་བུད་མེད་ལྷན་ཚོགས་དང་རྫོང་ནོར་སྲིད་ཅུའུ། རྫོང་ཡིད་རྟོན་དངུལ་ཁང་སོགས་སུ་མི་གཉིས་རེ་འཐེན་ནས་ལས་ཁུངས་མཉམ་རུབ་ཀྱིས་གཞུང་དོན་སྒྲུབ་པས་དངུལ་བསྐྱི་བའི་བུད་མེད་རྣམས་ལ་སྟབས་བདེ་སྤུས་ལེགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཡོད།
     བུད་མེད་འགན་ལེན་བསྐྱི་དངུལ་བྱ་བས་རྫོང་ཡོངས་ཀྱི་བུད་མེད་རྣམས་ལ་མ་དངུལ་འདོན་སྤྲོད་ལ་ཁག་ཐེག་དང་འཕེལ་རྒྱས་ཀྱི་སྟེགས་བུ་ཞིག་སྐྲུན་ཡོད་པ་མ་ཟད། གོམ་གང་མདུན་སྤོས་ཀྱིས་བུད་མེད་རྣམས་བྱེད་སྒོ་གསར་སྤེལ་དང་ལས་ཞུགས་གསར་གཏོད་བྱེད་པར་སྐུལ་འདེད་དང་སྤྱི་ཚོགས་དཔལ་འབྱོར་འཆམ་མཐུན་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།