བོད་ཡིག་གློག་རྡུལ་ཐོན་རྫས་སྒྲིག་སྦྱོར་ཐོན་སྐྱེད་སྒྲུབ་ཡུལ་ཐོག་མ་དེ་ཁྲི་ཀ་རུ་བཙུགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-21 11:23:00 ཀློག་གྲངས།:
     སྤྱི་ཟླ5བའི་ཚེས17ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། བོད་ཡིག་གློག་རྡུལ་ཐོན་རྫས་སྒྲིག་སྦྱོར་ཐོན་སྐྱེད་སྒྲུབ་ཡུལ་ཐོག་མ་དེ་མཚོ་སྔོན་བློ་བཟང་གྲངས་རིག་ཚན་རྩལ་ཚད་ཡོད་ཀུང་ཟི་ནས་བཙུགས་ཏེ་དངོས་སུ་ཐོན་རྫས་ཐོན་སྐྱེད་བྱེད་མགོ་བརྩམས།
     མཚོ་སྔོན་བློ་བཟང་གྲངས་རིག་ཚན་རྩལ་ཚད་ཡོད་ཀུང་ཟི་ནི2012ལོའི་སྤྱི་ཟླ4བར་བཙུགས་པ་དང་། 2014ལོར་ཁྲི་ཀ་རྫོང་རིག་གནས་ཡུལ་སྐོར་ཐོན་ལས་གསར་སྐྲུན་གླིང་དུ་སྤོས། འདི་ནི་ཁྲི་ཀ་རྫོང་གི་རྒྱལ་ཁབ་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཁས་ལེན་ཐོབ་པའི་ཁེ་ལས་གཅིག་པུ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།