བོད་ཀྱི་གཙགས་དྲུབ་རིག་གནས་ཐོན་ལས་ཀྱི་ལས་སྒྲུབ་མི་སྣའི་ནུས་རྩལ་གསོ་སྦྱོང་སྤེལ་བ།
གཙགས་དྲུབ་བཟོ་བཞིན་པ།
གཙགས་དྲུབ་བཟོ་བཞིན་པ།
བོད་ཀྱི་གཙགས་དྲུབ་རིག་གནས་ཐོན་ལས་ཀྱི་ལས་སྒྲུབ་མི་སྣའི་ནུས་རྩལ་གསོ་སྦྱོང་དེ་མཚོ་ལྷོ་ཁུལ་དུ་སྤེལ་བ།
སྤྱི་ཟླ12པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་ཅུའུ་དང་མཚོ་ལྷོ་ཁུལ་བོད་ཀྱི་གཙགས་དྲུབ་མཐུན་ཚོགས་གཉིས་མཉམ་འབྲེལ་སྒོས་སྒྲུབ་པའི་དུས་ཡུན་ཟླ་གཅིག་གི་གསེར་ཆེན་རྫོང་བོད་ཀྱི་གཙགས་དྲུབ་ཐོན་ལས་ལས་སྒྲུབ་མི་སྣའི་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་དེ་མཚོ་ལྷོ་ཁུལ་བོད་ཀྱི་གཙགས་དྲུབ་མཐུན་ཚོགས་གསོ་སྦྱོང་ཁང་དུ་བསྡུས་ཤིང་། ཆབ་ཆ་གྲོང་རྡལ་གྱི་སྡོད་ཁུལ་དང་གྲོང་སྡེ་སོ་སོའི་བོད་ཀྱི་གཙགས་དྲུབ་ཐོན་ལས་ལས་སྒྲུབ་མི་སྣ60ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པ་དང་། གཙོ་ཆེར་བོད་ཀྱི་གཙགས་དྲུབ་ཀྱི་རྨང་གཞིའི་ཤེས་བྱའི་གཞུང་ལུགས་དང་བོད་ཀྱི་གཙགས་དྲུབ་བཟོ་རྩལ། དེ་མིན་བོད་ཀྱི་གཙགས་དྲུབ་ལས་རིགས་ཀྱི་ཚོང་རའི་དབྱེ་ཞིབ་སོགས་ནང་དོན་འདུས།
འདི་ལྟ་བུའི་གསོ་སྦྱོང་བརྒྱུད། མི་རིགས་ཀྱི་དམངས་སྲོལ་ཕུལ་བྱུང་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་ཁྱབ་བྱེད་པའི་མཚུངས་སུ་གསེར་ཆེན་རྫོང་ཆབ་ཆ་ས་ཁུལ་གྱི་ཞིང་སྡེ་དང་སྡོད་ཁུལ་གྱི་གཞི་རིམ་བུད་མེད་མང་ཚོགས་ལ་བོད་ཀྱི་གཙགས་དྲུབ་བཟོ་རྩལ་ཐད་ཀྱི་ཤེས་བྱ་མི་ཉུང་བ་རྒྱུས་ལོན་དང་ངེས་སུ་འཇུག་པ་དང་། ཆབ་ཆ་ས་ཁུལ་གྱི་བུད་མེད་ལས་ཞུགས་ནུས་པ་མཐོར་འདེགས་སུ་གཏོང་བར་དགེ་མཚན་ཆེན་པོ་ལྡན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com