བོད་ལྗོངས་ཀྱིས་བོད་ཟས་རྟེན་རྫས་བཤམས་མཛོད་ཁང་སྐྲུན་རྩིས་ཡོད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། དུས་ཚོད།:2016-01-15 10:51:00 ཀློག་གྲངས།:
     ཉེ་ཆར། ལྷ་སར་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་མཐུན་ཚོགས་བཙུགས་ནས་ལོ་12འཁོར་བའི་རྟེན་འབྲེལ་མཛད་སྒོ་འཚོགས་པ་དང་། མ་སྐྱེས་ཨ་མ་དང་། ཨ་འཁོར་ཏིང་བོད་ལུགས་བག་ལེབ་ཁང་། ཁྲུང་ཆིང་ཤང་ཐེན་ཤ་རྒྱ་ཁོག ཧུའུ་སི་བཟའ་བཏུང་དོ་དམ་ཚད་ཡོད་ཀུང་སི་སོགས་བཟའ་བཏུང་ཚན་པའི་འགན་འཁུར་མི་སྣས་ས་གནས་ས་ཐོག་ཏུ་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་བྱས་པ་རེད། བཟའ་བཏུང་གསོལ་མགྲོན་ལས་རིགས་དང་དྲ་སྦྲེལ་ཟུང་འབྲེལ་བྱ་རྒྱུ་དེ་ནི་མ་འོངས་བཟའ་བཏུང་གསོལ་མགྲོན་ལས་རིགས་འཕེལ་རྒྱས་འགྲོ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། མ་འོངས་ཀྱི་ཁ་ཕྱོགས་ཆེན་པོ་ཞིག་ཀྱང་ཡིན། གཞན་ཡང2016ལོར་ང་ཚོས་བོད་ཀྱི་སྤུས་རྟགས་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ་བོད་ཟས་འཕེལ་རྒྱས་ལ་གོ་སྐབས་གསར་པ་བཏོད་ནས་བོད་ཟས་རྟེན་རྫས་བཤམས་མཛོད་ཁང་རིམ་གྱིས་བསྐྲུན་རྒྱུ་ཡིན་ཞེས་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲུའུ་ལི་ཆུན་གྱིས་ངོ་སྤྲོད་བྱས།
     བོད་ཀྱི་བཟའ་བཏུང་ལས་རིགས་ལ་མངོན་གསལ་དོད་པའི་ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། ཚང་མས་ཤེས་གསལ་གྱི་བོད་ཟས་ཕུད། ད་དུང་སི་ཁྲོན་དང་། ཧུའུ་ནན། ཧྲན་ཏུང་། ཀོང་ཏུང་སོགས་ཀྱི་ཚལ་རིགས་དང་དེ་བཞིན་རྒྱ་གར་དང་། ནེ་པ་ལ། ཐེ་ལན། ཧན་གོ་སོགས་ཕྱི་རྒྱལ་གྱི་ཚལ་རིགས་ཡོད་པས་བོད་ཀྱི་བཟའ་བཏུང་ལས་རིགས་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་ཞེས་ཟེར་ཆོག 2015ལོར་བོད་ལྗོངས་བཟའ་བཏུང་གསོལ་མགྲོན་ལས་རིགས་ཀྱིས་ལོ་གསུམ་གྱི་རིགས་སྒྱུར་དུས་བརྒྱུད་རྗེས། འཕེལ་རྒྱས་བརྟན་པོ་འགྲོ་བའི་དུས་གསར་པར་རིམ་གྱིས་བསྐྱོད་ཡོད།
     བོད་ལ་ཁྱད་འཕགས་ཀྱི་ཞིམ་ཟས་རིག་གནས་དང་ཞིམ་ཟས་ཀྱི་ཐོན་ཁུངས་ལྡན་པའི་ཐོག་བོད་ཀྱི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་དང་སྦྲགས། བོད་ལྗོངས་བཟའ་བཏུང་གསོལ་མགྲོན་ལས་རིགས་ཀྱིས་ཀྱང་གསོལ་སྟོན་དང་། ཚལ་རིགས། འབྲུ་རིགས། ཨ་རག་རིགས། བཏུང་བྱ། ཤིང་འབྲས་རིགས། སིལ་ཟས། བཟའ་བཅའི་ཁོར་ཡུག་དང་དེ་བཞིན་ཞག་སྡོད་ཀྱི་ཁོར་ཡུག་བཅས་ལ་སྣང་ཆེན་ཇེ་ཆེར་བྱས་པས། བོད་ཀྱི་བཟའ་བཏུང་ཞག་སྡོད་རིག་གནས་དེ་སྣ་མང་མཉམ་འདྲེས་དང་ཁྱད་ཆོས་མངོན་གསལ་དོད་པའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད་ལ། བོད་ལྗོངས་བཟའ་བཏུང་གསོལ་མགྲོན་ལས་རིགས་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ཀྱང་མངོན་ཡོད།
     འདི་ལོ་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་བཟའ་བཏུང་ཁྲོམ་རའི་དགོས་མཁོར་གཞི་ཚུགས་ཏེ་འཛམ་གླིང་གི་འཕེལ་ཕྱོགས་ལ་བལྟ་བ་དང་ལྗོངས་ཡོངས་ཀྱི་གཡོས་སྦྱོར་བཟའ་བཏུང་རིག་གནས་ཀྱི་བསམ་བློ་གཏོང་སའི་ཐོག་ནས་བོད་ཟས་འཕེལ་རྒྱས་གཏོང་རྒྱུའི་དུས་ཡུན་འབྲིང་རིང་གི་འཐབ་ཇུས་འཆར་འགོད་ཡག་པོ་བཟོ་རྒྱུ་ཡིན་པ་རེད། བོད་ཟས་འཛད་སྤྱོད་པའི་དགོས་མཁོར་དམིགས་ཏེ་བོད་ཟས་ཀྱི་སྣ་ཁ་དང་བོད་ཟས་ཀྱི་རིམ་པ་མང་དུ་བཏང་ནས་བོད་ཟས་ཀྱི་སྣ་ཁ་ཕུན་སུམ་ཚོགས་སུ་དང་འཐུས་ཚང་དུ་གཏོང་བ་དང‘བོད’ཀྱི་སྤུས་རྟགས་རིན་ཐང་སྔོག་འདོན་གཏིང་ཟབ་ཀྱིས་བོད་ཟས་འཕེལ་རྒྱས་ལ་གོ་སྐབས་གསར་པ་བཏོད་ནས་བོད་ཟས་རྟེན་རྫས་བཤམས་མཛོད་ཁང་རིམ་གྱིས་བསྐྲུན་ཏེ་བོད་ཀྱི་བཟའ་བཅའི་རིག་གནས་ཁྱབ་སྤེལ་དང་ཁྱབ་གདལ་གཏོང་ཆེད་དྲིལ་བསྒྲགས་ཀྱི་སྟེགས་བུ་གསར་པ་བཏོད་ནས་མི་དེ་བས་མང་བས་བོད་ཀྱི་བཟའ་བཅར་ཤེས་རྟོགས་བྱ་རྒྱུར་ཡིད་དབང་འགུག་རྒྱུ་ཡིན་པ་རེད་ཅེས་ཀྲུའུ་ལི་ཆུན་གྱིས་བཤད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།