ཨ་མྱེ་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག་ཚོང་རར་བཀྲམ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-03-12 10:24:00 ཀློག་གྲངས།:

ཨ་མྱེ་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག་ཚོང་རར་བཀྲམ་པ།
ཨ་མྱེ་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག་ཚོང་རར་བཀྲམ་པ།

     ཉེ་ཆར། ལྷ་སའི་གླིང་གསར་ཆེན་མོ་བཟོ་ཚོང་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོན་སྐྱེད་བྱས་པའི་ཨ་མྱེ་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག་འདི་དངོས་སུ་ལྷ་ས་དང་ཁྲིན་ཏུའུ། ཟི་ལིང་སོགས་ཀྱི་བརྒྱུད་ཚོང་ཁང་དང་དྲ་ལམ་ནས་རྒྱལ་ཡོངས་ཀྱི་ཁྲོམ་རར་འགྲེམ་སྤེལ་བྱས་ཡོད་པས། འཛད་སྤྱོད་པ་དག་གིས་ཐུགས་འཇགས་དོ་སྣང་ཡོད་པར་ཞུ།


ཨ་མྱེ་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག

     ཨ་མྱེ་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག་འདིས་བོད་ཡུལ་གྱི་གནས་མཇལ་ཡུལ་སྐོར་བའི་དགོས་མཁོར་གཞིགས་ནས། རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་བོད་ཡུལ་དུ་གནས་མཇལ་ལ་འགྲོ་བའི་ལམ་གྱི་དགོན་པ་དང་གནས་ཆེན། སྐུ་རྟེན་མང་པོ་ངོ་སྤྲོད་གནང་ཡོད། གནས་ཆེན་མཚམས་སྦྱོར་གྱི་ཁོངས་སུ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ལས་བྱུང་བ་སྔ་ཤོས་དང་། སྐད་གྲགས་ཆེ་ཤོས་ཀྱི་དགོན་པ་འདུ་ཁང་དང་། གནས་ཡུལ་འགངས་ཆེན། གཞན་མདོ་སྨད་ཕྱོགས་ཀྱི་སྐུ་འབུམ་དང་། བླ་བྲང་། གསེར་རྟ་བླ་རུང་སོགས་དགོན་གནས་གལ་ཆེན་གྱི་ངོ་སྤྲོད། དེ་མིན་ནང་སའི་ཆོས་ཀྱི་བྱིན་རླབས་གཡང་དུ་འཁྱིལ་བའི་རྒྱ་ནག་རི་བོ་རྩེ་ལྔ་དང་། གླང་ཆེན་འགྱིང་རི་སོགས་བསྡོམས་པས་གནས་ཆེན290ལྷག་འདུ་ཞིང་། དེ་དག་གི་རིག་གནས་ལོ་རྒྱུས་དང་བྱུང་བ་གཏམ་རྒྱུད་སོགས་སྒྲ་དང་པར་རིས་སྤེལ་མས་ངོ་སྤྲོད་རྒྱས་བསྡུས་འོས་འཚམ་གནང་ཡོད།


ཨ་མྱེ་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག

     བོད་མདོ་དབུས་ཁམས་གསུམ་གྱི་གནས་འགངས་ཆེན་དང་སྐུ་རྟེན་བྱིན་ཅན་སོགས་ཀྱི་རིག་གནས་དང་ལོ་རྒྱུས་ཁག་ཀློག་སྨྱུག་འདི་བརྒྱུད་ནས་ངོ་སྤྲོད་ཡང་དག་པར་གནང་རྒྱུ་ནི་ཐོན་རྫས་འདི་བཟོ་བའི་དགོས་པ་གཙོ་བོ་ཞིག་ཡིན་ཕྱིར། གནས་བཤད་ཀྱི་ནང་དོན་ཐམས་ཅད་བོད་ཀྱི་གནས་ཡིག་དང་། ཆོས་འབྱུང་དེབ་ཐེར་སོགས་ཡིག་ཚགས་ཁུངས་བཙུན་ལ་གཞི་བཅོལ་ཞིང་། བོད་རང་གི་ཆེད་མཁས་པ་དང་ཤེས་ཡོན་པ་སྐོར་ཞིག་གདན་དྲངས་ཏེ་གནས་ཡིག་གི་ནང་དོན་ལ་ཞུ་དག་ལེགས་སྒྲིག་ལན་མང་གནང་ཡོད།


ཨ་མྱེ་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག

     གཞན་བོད་ཡུལ་ཕྱི་ནང་གི་འཛད་སྤྱོད་པའི་དགོས་མཁོར་དམིགས་ཏེ། ཀློག་སྨྱུག་གི་ནང་དུ་རྒྱ་བོད་སྐད་རིགས་གཉིས་ནང་འཇུག་བྱས་ཡོད་ཅིང་། མདོ་དབུས་ཁམས་གསུམ་གྱི་བོད་པས་གོ་བདེ་བར་བསམ་ནས། ནང་དོན་ཡང་གཅིག་གྱུར་གྱིས་བོད་ཆོལ་ག་གསུམ་གྱི་མདོ་འཛིན་པ་གྲགས་ཅན་དག་གིས་དབུས་སྐད་དང་ཨམ་སྐད། ཁམས་སྐད་བཅས་ཡུལ་སྐད་གསུམ་གྱི་ལམ་ནས་སྨྲ་བརྗོད་དག་གསལ་གྱིས་སྒྲ་རུ་ཕབས་ཡོད།

     སྤྱིར་བཏང་གི་མཇལ་སྐོར་ཙམ་གྱིས་གནས་ཆེན་ཁག་གི་ལོ་རྒྱུས་དང་འབྲེལ་ཡོད་རིག་གནས་ལ་རྒྱུས་ལོན་དང་ངེས་ཤེས་གསལ་བོ་ཡོང་དཀའ་ལ། བོད་ཡུལ་དང་ནང་སའི་དགོན་པ་དང་གནས་ཆེན། སྐུ་རྟེན་སོགས་ཀྱི་བྱུང་འཕེལ་ལོ་རྒྱུས་དང་རིག་གནས་གསལ་བོར་བཤད་པའི་ཐོན་རྫས་གསར་བ་འདི་ཁྱེད་ཀྱི་གནས་མཇལ་ལམ་གྱི་བློས་ཐུབ་ཀྱི་གྲོགས་པོ་ལྟ་བུ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།