མཚོ་ལྷོ་ཁུལ་གྱིས་འབའ་རྫོང་གནད་འཁེལ་དབུལ་སྐྱོར་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ཆེད་མཁས་པས་ཞིང་ཕྱུགས་ལས་གསོ་སྤེལ་སྐོར་གྱི་ཤེས་བྱ་བསྒྲགས་བཞིན་པ།
དེང་རབས་ཞིང་ཕྱུགས་ལས་གསོ་སྤེལ་རྟེན་གཞི་ལ་ལྟ་སྦྱོང་བྱེད་བཞིན་པ།
གསོ་སྦྱོང་འཛིན་གྲྭར་ཞུགས་པའི་སློབ་མ་ཡོངས་ཀྱི་མཉམ་པར་དྲན་རྟེན།
ཟླ3པའི་ཚེས25ནས28ཉིན་བར། མཚོ་ལྷོ་ཁུལ་གྱིས་གཞི་རིམ་མང་ཚོགས་ཀྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱ་བ་གཙིགས་སུ་བཟུང་ནས་འབའ་རྫོང་གནད་འཁེལ་དབུལ་སྐྱོར་གསོ་སྦྱོང་འཛིན་གྲྭ་དེ་མཚོ་ལྷོའི་གསོ་སྦྱོང་ལྟེ་གནས་སུ་བསྡུས་པ་རེད།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དེ་དུས་རིམ་གཉིས་སུ་བགར་ནས་སྤེལ་བ་དང་བསྡོམས་པས་འབའ་རྫོང་གི་རོང་འབྲོག་པ120གསོ་སྦྱོང་ལ་ཞུགས་ཡོད། དེར་འབའ་རྫོང་ས་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་བབ་དང་། གནད་འཁེལ་དབུལ་སྐྱོར་བྱ་བའི་ཁྲོད་གནས་པའི་གནད་དོན། ཞིང་ཕྱུགས་ལས་མཉམ་ལས་ཁང་གི་དོ་དམ་འདུ་ཤེས་སྔར་ལས་ཇེ་མཐོར་གཏོང་བར་དམིགས་ནས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་རྒྱུས་མངའ་ཡོད་པའི་འགོ་ཁྲིད་དང་ཆེད་མཁས་པ་དག་གདན་དྲངས་ནས་ཏང་ཀྲུང་དབྱང་གི་དབུལ་སྐྱོར་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། ཞིང་ཕྱུགས་ལས་གསོ་སྤེལ་སྐོར་གྱི་ཤེས་བྱ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་པའི་ཆ་རྐྱེན། ཕན་ནུས་བཅས་ཐད་ནས་གསོ་སྦྱོང་བྱས།
དུས་མཚུངས་སུ། རབ་འོག་མ་སྡེ་བའི་དེང་རབས་ཞིང་ཕྱུགས་ལས་གསོ་སྤེལ་རྟེན་གཞི་དང་། ཟོར་རྒྱལ་སྡེ་བའི་བོད་ལུག་གསོ་སྤེལ་རྟེན་གཞི། མཐའ་དམར་ཞོལ་མ་སྡེ་བའི་ཁྱད་ལྡན་ལུག་གསོ་སྤེལ་རྟེན་གཞི་བཅས་ལ་ལྟ་སྦྱོང་བྱེད་དུ་བཅུག་ནས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་མཐོང་རྒྱ་ཆེ་རུ་བསྐྱེད་པ་རེད།
མཇུག་མཐར། ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པའི་སློབ་མར་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་འབའ་རྫོང་གི་གནས་བབ་དང་མཐུན་པའི་གནད་འཁེལ་དབུལ་སྐྱོར་སྐོར་ནས་བསམ་འཆར་དང་གྲོས་གཞི་གང་ལེགས་བཏོན་ནས། རྗེས་ཕྱོགས་ཀྱི་ཞིང་ཕྱུགས་ལས་མཉམ་ལས་ཁང་འཛུགས་སྐྲུན་དང་གནད་འཁེལ་དབུལ་སྐྱོར་བྱ་བ་ལེགས་པོར་བསྒྲུབ་པར་རྨང་གཞི་བརྟན་པོ་བཏིངས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com