འབའ་རྫོང་གིས་ཕྱོགས་ཡོངས་ནས་དབུལ་སྐྱོར་འཆར་འགོད་ལས་གཞི་ལག་བསྟར་བྱས་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-04-06 11:21:00 ཀློག་གྲངས།:
     རྒྱུས་ལོན་པ་ལྟར་ན། 2016ལོར། འབའ་རྫོང་གིས་ཕྱོགས་ཡོངས་ནས་དབུལ་སྐྱོར་འཆར་འགོད་ལས་གཞི་ལག་བསྟར་བྱས་ཏེ། སྡེ་བ་ནས་ཁྱིམ་ཚང་བར་དུ་གནད་འཁེལ་དབུལ་སྐྱོར་གྱི་བྱ་བའི་སྒྲིག་གཞི་བཙུགས་ནས་ནུས་ཤུགས་ཡོད་རྒུས་ལག་ལེན་དོན་འཁྱོལ་བྱེད་པ་རེད།
     འབའ་རྫོང་གིས་སྡེ་བའི་ཁྱིམ་ཚང་རེ་རེར་སྲིད་ཇུས་ལྟར། རྫོང་ཡོངས་དབུལ་ཕོངས་ལས་ཐར་རྒྱུ་དམིགས་འབེན་ཏུ་བཟུང་ནས། ལོ་གསུམ་གྱི་བརྟན་ཞིང་གཏིང་ཟབ་པའི་དབུལ་སྐྱོར་བྱ་བའི་རྨང་གཞིའི་སྟེང་། གོམ་གང་མདུན་སྤོས་ཀྱིས་དྲན་ཕྱོགས་གསལ་ལ་འགན་འཁྲི་ཡོད་པའི་སྒོ་ནས་ལྟ་ཞིབ་བྱས་ནས་ཡིག་ཚགས་དང་བྱང་བུ་ལས་ཤིང་། སྒྲིག་གཞི་ཚོད་འཛིན་དང་འཕེལ་རྒྱས་ཡོད་པའི་ངང་ལས་ཀའི་རུ་ཁག་རྩ་འཛུགས་བྱས་ཏེ། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་ལས་ཀ་བ་རྣམས་ཀྱིས་རེས་འཁོར་ལྟ་ཞིབ་བྱས་པ་བརྒྱུད།  གནད་འཁེལ་དབུལ་སྐྱོར་བྱ་བ་གསལ་ཐག་ཆོད་པོས་མི་གཅིག་ཀྱང་ལུས་སུ་མ་བཞག་པར། དབུལ་བོའི་ཚད་དང་མ་མཐའི་འགན་སྲུང་གི་ཚད་གཉིས་ཀྱི་ཚད་གཞི་ལྟར། རྫོང་ཡོངས་ཀྱི་གནད་འཁེལ་དབུལ་སྐྱོར་ཞིབ་བཤེར་དབྱེ་དགར་གྲངས་ནི་ཁྱིམ་ཚང2648དང་། མི་གྲངས7792ལ་ཁྱབ་པར་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།