དཀར་མཛེས་ཁུལ་གྱིས2016ལོའི་བོད་ཁུལ་སྡོད་ཁང་གསར་པའི་ལས་འགན་གཏན་འཁེལ་བྱས།
སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི《2016ལོའི་བོད་ཁུལ་སྡོད་ཁང་གསར་པ་འཛུགས་སྐྲུན་ལས་འགན་པར་འགྲེམས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》[ཁྲོན་འཕེལ་སྒྱུར་དམངས་བརྒྱུད(2016ལོའི་ཨང104)]ལྟར་ན། དཀར་མཛེས་ཁུལ་གྱིས2016 ལོའི་བོད་ཁུལ་སྡོད་ཁང་གསར་པ་འཛུགས་སྐྲུན་གྱི་ལས་འགན་དང་མ་དངུལ་ཁ་གསབ་ཀྱི་གྲངས་འབོར་གཏན་ཁེལ་བྱས།
དཀར་མཛེས་ཁུལ་ཡོངས་ཀྱིས2016ལོར་དུད་ཚང13313གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་ལེགས་འགྲུབ་འབྱུང་དགོས་ལ། སྡོད་ཁང་གསར་པ་འཛུགས་སྐྲུན་གྱི་མ་དངུལ་ཁ་གསབ་ནི་གཅིག་གྱུར་སྒོས་ཁྱིམ་ཚང་རེར་སྒོར་ཁྲི2ཀྱི་ཚད་གཞི་ལྟར་ཁྱིམ་ཚང་ལ་སྤྲོད་རྒྱུ་རེད། དེའི་ནང་། ཀྲུང་དབྱང་གི་མ་དངུལ་ཁ་གསབ་ནི་དུད་ཚང་རེར་སྒོར8500དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་མ་དངུལ་ཚང་སྒྲིག་ཁ་གསབ་ནི་དུད་ཚང་རེར་སྒོར11500ཡིན་ལ། ཁྱོན་བསྡོམས་འཛུགས་སྐྲུན་ཁ་གསབ་མ་དངུལ་སྒོར་ཁྲིད་26626བཏང་ཡོད། ཁུལ་ཡོངས་ཀྱི་དབུལ་སྐྱོར་གྲོང་གསར་གྱི་སྤྱི་སྤྱོད་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་ཚང་སྒྲིག་འཛུགས་སྐྲུན་གྱི་ལས་འགན་ནི296ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com