2016ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དངོས་སུ་ཚོགས་པ།

རྩོམ་པ་པོ།:ཁོན་ཐར་འཚོས་བསྒྱུར། ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ། དུས་ཚོད།:2016-06-13 10:23:00 ཀློག་གྲངས།:


མཛད་སྒོ་དངོས།


བསྟན་ཁོ་དང་ཀའོ་ཡུང་གཉིས་ནས་ལྷན་དུ་འཁེལ་འཐག་འཁོར་ཆས་སྐོར་བཞིན་འཛམ་གླིང་གི་གྲ་རྒྱས་ཆེ་བའི་
བོད་ལུགས་ས་གདན་གྱི་གསོལ་སྟོན་དངོས་སུ་བཤམས་མགོ་ཚུགས།


ཡུལ་དངོས་སུ་ས་གདན་གྱི་དཔེ་རིས་འབྲི་བ།

2016ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དངོས་སུ་ཚོགས་པ།
འཇར་མན་གྱི་སྐུ་མགྲོན་འགས་བོད་ཀྱི་ས་གདན་གླེང་བཞིན་པ།


ཉོ་མཁན་གྱིས་ས་གདན་གྱི་གོང་གཏམ་བཞིན་པ།

     སྤྱི་ཟླ6པའི་ཚེས2ཉིན། 2016ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ། ཀྲུང་གོའི་འཁེལ་འཐག་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེ་མོ་ཀའོ་ཡུང་བཅས་མཛད་སྒོར་ཞུགས།
     ཉིན་དེར་གནའ་མཁར་ཟི་ལིང་གི་གནམ་ངོ་དྭངས་ཤིང་གཙང་ལ། རླུང་ཁ་བསིལ། སྙན་འཇེབས་ཀྱི་རོལ་དབྱངས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་དང་བསྡོངས་ནས་འགྲེམ་ཚོགས་ཀྱི་ཡོལ་བ་དལ་བར་ཕྱེ། དབྱི་ལང་དང་། ཐུར་ཁེ། པ་ཁི་སི་ཐན། ཨ་ཧྥུ་ཧན། རྒྱ་གར། བལ་བོ། ཝུ་ཙི་པི་ཁེ་སི་ཐན། འཇར་མན། སོག་པོ། ཐུ་ཁུ་མན་སི་ཐན། རྒྱལ་ནང་བཅས་ནས་ཕེབས་པའི་ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་ཚེ་སྲོག་གི་ལྗོན་བཟང་ཞེས་པར་མེ་ཏོག་ཆུན་མོ་སྐྱེས་སུ་ཕུལ་ནས་སྨོན་ཚིག་སྒྲོན་པ་དང་། བསྟན་ཁོ་དང་ཀའོ་ཡུང་གཉིས་ནས་ལྷན་དུ་འཁེལ་འཐག་འཁོར་ཆས་སྐོར་བཞིན་འཛམ་གླིང་གི་གྲ་རྒྱས་ཆེ་བའི་བོད་ལུགས་ས་གདན་གྱི་གསོལ་སྟོན་དངོས་སུ་བཤམས་འགོ་ཚུགས།
    ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚའོ་ཧུང་། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཁུང་ཡུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཀྲི་ཝེ་སོགས་ཞིང་ཆེན་གྱི་འགོ་གཙོ་དང་། དབྱི་ལང་གི་ཀྲུང་གོ་བཅའ་སྡོད་གཞུང་སྒྲུབ་ཁང་གི་ཚོང་དོན་ཚན་ཙན་སའེ་ཡི་ཏེ་·ལེ་ཀྲ·སའེ་ཡི་ཏེ·ཨ་ཅ་ཀྲ་ཏེ། བལ་བོ་སྲིད་གཞུང་གི་ཚོང་དོན་པུའུ་ཉོ་ཚོང་ཕྱིར་གཏོང་སྐུལ་སྤེལ་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཨེ་ཧྲི་ཝ་རུའེ·ཕུ་ལ་ས་ཏེ·ཅེ་མི་ལེ། དབྱི་ལང་རིག་གནས་པུའུ་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྷན་ཚོགས་ཀྱི་ལས་འཛིན་ཨུ་ལྷན་གྱི་ཁོངས་མི་ཐུ་ལ་དབྱི·རུ་ལའེ་སོགས་རྒྱལ་ཕྱིའི་གཞུང་ཚབ་ཆེ་མོ་དང་སྲིད་དོན་མི་སྣ ། ཀྲུང་གོའི་ཁྱིམ་སྤྱོད་འཐག་བསླས་ཐོན་རྫས་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཀྲའོ་ཧྭ་དང་། ཀྲུང་གོའི་བཟའ་ཆས་དང་ཕྱུགས་རིགས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱི་ཚོགས་གཙོ་ཞུས་ཞའོ་ཧུ། དེ་མིན་སྤུན་ཟླ་ཞིང་ཆེན་གཞན་དག་གི་འགོ་གཙོ་དང་། འཛམ་གླིང་ལག་ཤེས་བཟོ་ལས་ས་གདན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁུ་ཁེ། དབྱི་ལང་རྒྱལ་ཁབ་ས་གདན་ལྟེ་གནས་ཀྱི་ཀྲུའུ་ཞི་ཧ་མེ་ཏེ·ཁཱ་ཀ་སོགས་རྒྱལ་ཕྱིའི་ས་གདན་ཚང་ལས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་སོགས་མཛད་སྒོར་ཞུགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།