ངོས་དང་པོ > སྐབས་དོན། > སྤྱི་ཚོགས་དཔལ་འབྱོར། > ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱིས་མང་ཚོགས་ལ་ཕན་ཁེ་བསྐྲུན།
ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱིས་མང་ཚོགས་ལ་ཕན་ཁེ་བསྐྲུན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-06-14 09:53:00
ཀློག་གྲངས།:
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱེད་དགོས་པ་བཏོན་ཚུན་ལ་སྤོ་བོ་རྫོང་གིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བྱ་བའི་གཙོ་གནད་དེ་སྐྱེ་ཁམས་འཕེལ་རྒྱས་དང་མཐུད་མུ་འཕར་སྣོན་སྟེང་བསྒྱུར་སྤོ་བྱས་ཤིང་། སྐྱེ་ཁམས་ཀྱི་འཆར་འགོད་སྒྲིག་བཟོ་དང་ལས་གཞིས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ་སྐྱེ་ཁམས་ཡུལ་སྐོར་ལས་རིགས་མཆོངས་བརྒལ་འཕེལ་རྒྱས་བྱུང་ཡོད་ཅིང་ས་གནས་མང་ཚོགས་ལ་ཕན་ཁེ་སྐྲུན་ཡོད།
《ཉིང་ཁྲིར་བསྐྱོད་དེ་མི་ཡུལ་གྱི་དག་ཞིང་ལ་ལྟད་མོ་ལྟ་བའི་བཅར་འདྲིའི་གསར་འགོད་ཚོགས་པ་སྤོ་བོ་རྫོང་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་ལ་ཐོན་ནས་བཅར་འདྲི་བྱེད་སྐབས་བཀྲ་ཤིས་སྒང་གླུ་གར་འཁྲབ་སྟོན་ལྟེ་གནས་ཀྱི་ཟང་ཟིང་གི་རྣམ་པས་ཧ་ལས་སུབཅུག གནས་དེ་ན“དྭངས་གཙང་དབེན་གནས། ལྷ་ཡུལ་ལྟ་བུའི་ཀླུ་ནང”ཡུལ་སྐོར་གནས་ཚུལ་བརྗེ་རེས་ཚོགས་འདུ་བསྡུ་བཞིན་པའི་སྒང་ཡིན། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ནི་ཀླུ་ནང་གི་རང་བྱུང་གི་ཁོར་ཡུག་མཛེས་ལྗོངས་ལ་རྒྱབ་བརྟེན་བྱས་པའི་ཉིང་ཁྲི་གྲོང་ཁྱེར་གྱི་ལེགས་མཛེས་བཟོ་སྐྲུན་གྲས་ཤིག་ཡིན་ལ་དངོས་མྱོང་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་གྱི་ཐེག་གཟུགས་ནི་ཁྱིམ་ཚང་རང་བཞིན་གྱི་མགྲོན་ཁང་ཡིན། ཐེངས་འདིའི་བཅར་འདྲི་གསར་འགོད་ཚོགས་པ་ཉིང་ཁྲི་གྲོང་ཁྱེར་གྱི་ཞང་གྲོང་གང་མང་ཞིག་སོང་བ་ན་ཁྱིམ་ཚང་རང་བཞིན་གྱི་མགྲོན་ཁང་གི་ཚོང་ཧ་ཅང་བྲིན་པ་མཐོང་། གསར་འགོད་པ་བཀྲ་ཤིས་སྒང་འཁྲབ་སྟོན་ལྟེ་གནས་དང་ཐག་མི་རིང་བའི་ཨ་ཁུ་ཕུན་ཚོགས་ཀྱི་ཁྱིམ་ལ་སོང་བ་ན་ད་ལོ་ལོ68སོན་ཡོད་པའི་ཁོས་ཐོག་འདུག་མེད་པའི་རྒྱ་སྐད་གྲལ་དག་ཅིག་བཤད་ཤེས། ཁོ་ཚང་གི་མགྲོན་ཁང1998ལོ་གཉེར་མགོ་བརྩམས་པ་དང་ཐོག་མར་རང་ཁྱིམ་གྱི་ཁང་བ་གྱན་གཉིས་ཀྱི་ནང་མལ་ཁྲི8བཞག་ཏེ་མགྲོན་བསུ་བྱས་པ་དང་ད་ལྟ་མལ་ཁྲི53དང་། ལོ་རེར་ཡུལ་སྐོར་བ2000ལྷག་ཅིག་བསུས་ཏེ་དང་ཐོག་ཡོང་སྒོ་སྒོར2000ཡས་མས་ད་ལྟ་སྒོར་འབུམ2ནས་འབུམ3ཡས་མས་ཡིན།
ཨ་ཁུ་ཕུན་ཚོགས་ཀྱི་སྣེ་ཁྲིད་འོག་བཀྲ་ཤིས་སྒང་སྡེ་བ་ན་ཁྱིམ་ཚང50ལྷག་ཡོད་པ་ལས་ཁྱིམ་ཚང40ལྷག་གིས་ཁྱིམ་ཚང་ན་མགྲོན་ཁང་གཉེར་བ་ལས་ད་རུང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་རྫས་ཕྱུར་འཚོང་བྱས་ཏེ་ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་སྒོ་སྒོར་ཁྲི་བཅུ་ཁ་ལྷག་ཡིན།
སྤོ་བོ་རྫོང་དགུ་ཞང་སྤ་ཁ་སྡེ་བ་རྒྱལ་ཁབ་རིམ་པའི་གཞུང་ལམ318ཀྱི་ལམ་འགྲམ་ན་ཆགས་ཡོད་པའི་ཁར་ཐུན་མོང་མ་ཡིན་པའི་རང་བྱུང་གི་ཡུལ་སྐོར་ཐོན་ཁུངས་འཛོམས་ས་ཞིག་ཡིན། རིན་ཆེན་ཚང་གི་མགྲོན་ཁང2008ལོར་གཉེར་མགོ་བརྩམས་པ་དེ་སྡེ་བའི་ནང་གི་ཐོག་མ་ཡིན་ལ། ལོ་ངོ་བརྒྱད་རིང་གི་དཀའ་སྡུག་མི་ཉུང་བ་ཞིག་བརྒྱུད་དེ་དང་ཐོག་མགྲོན་པོ་ཉུང་ཉུང་རེ་མ་གཏོགས་མེད་པ་ད་ལྟ་ཚོང་ཧ་ཅང་བྲིན་ནས་ལོ་རེའི་ཡོང་སྒོ་སྒོར་ས་ཡ་གཅིག་ལྷག་ཡིན་པས་དགུ་ཞང་ས་ཆའི་ཁྱིམ་ཚང་མགྲོན་ཁང་གི་གཞི་ཁྱོན་ཆེས་ཆེ་བ་ཡིན། ཁོས་སྣེ་ཁྲིད་འོག་ཞང་ཡོངས་ནས་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་སུ་སོང་ནས་མིག་སྔར་དགུ་ཞང་ས་ཆ་ན་ཁྱིམ་ཚང་མགྲོན་ཁང41ལྷག་ཅིག་ཡོད། རྒྱུས་ལོན་པ་ལྟར་ན། ཁྱིམ་ཚང་རང་བཞིན་གྱི་མགྲོན་ཁང་འཕེལ་རྒྱས་སྔར་ལས་བདེ་ཐང་དང་གོ་རིམ་ལྡན་ཆེད་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་སོ་སོའི་སྲིད་གཞུང་དང་ཡུལ་སྐོར་སྡེ་ཁག་གི་མ་དངུལ་འབོར་ཆེན་བཏང་སྟེ་ཁྱིམ་ཚང་མགྲོན་ཁང་ལ་རྒྱབ་སྐྱོར་དང་སྒྲིག་ཆས་འཐུས་ཚང་དུ་བཏང་མ་ཟད། སྐར་རིམ་འབྱེད་པ་དང་མི་སྣ་གསོ་སྦྱོང་སོགས་ཀྱི་བྱ་བ་མང་པོ་སྒྲུབ། སྲིད་གཞུང་གི་སྣེ་ཁྲིད་འོག་ཆར་ཤུལ་གྱི་ཤྭ་མོ་རྡོལ་བ་བཞིན་འཕེལ་རྒྱས་བྱུང་སྟེ་སྐྱེ་ཁམས་ཡུལ་སྐོར་ལས་རིགས་མཆོངས་བརྒལ་འཕེལ་རྒྱས་དང་ས་གནས་མང་ཚོགས་ལའང་ཁེ་ཕན་ཐོབ་ཡོད།
སྤོ་བོ་རྫོང་གིས2015ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་འབུམ4ལྷག་སྣེ་ལེན་བྱས་ཤིང་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར2བྱེ་བ5ས་ཡ4ལ་སླེབས་ཡོད། ད་ལོའི་ཟླ1ནས་ཟླ4བའི་བར་རྫོང་ཡོངས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི7སྟོང2ལྷག་སྣེ་ལེན་བྱས་པའི་ཡུལ་སྒོ་ཡོང་སྒོ་སྒོར་བྱེ་བ5ས་ཡ་འབུམ7ཁྲི3སྟོང7ལྷག་མངོན་གྱུར་བྱུང་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།