ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > «ཚད་མ་རིག་པ་བསྡུས་གྲྭའི་ཚིག་དོན་གོ་སླ་བར་བཤད་པ་བྱིས་པ་འཇུག་པའི་ཐེམ་སྐས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
«ཚད་མ་རིག་པ་བསྡུས་གྲྭའི་ཚིག་དོན་གོ་སླ་བར་བཤད་པ་བྱིས་པ་འཇུག་པའི་ཐེམ་སྐས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2021-10-21 08:45:05
ཀློག་གྲངས།:

ཉེ་བའི་ལོ་འདི་དག་གི་རིང་བསྡུས་གྲྭའི་རིགས་ལམ་ནི་མཚན་ཉིད་ཀྱི་ཆོས་གྲྭའི་ར་བ་ལས་བརྒལ་ཏེ་དམའ་རིམ་སློབ་ཆུང་གི་སྒོ་ཐེམ་བརྒྱུད་དེ་ཆེས་མཐོའི་གཙུག་ལག་སློབ་གྲྭ་དག་གི་སྡིངས་ཆར་གོ་གནས་ངེས་ཅན་ཞིག་ཟིན་ཡོད། དེ་བས་བསྡུས་གྲྭའི་རིགས་ལམ་ལ་འཛམ་གླིང་ཤར་ནུབ་ཀྱི་ཤ་མདོག་དང་རུས་རྒྱུད་མི་གཅིག་པའི་སློབ་གཉེར་གནང་མཁན་ལོ་ལྟར་ཇེ་མང་དུ་འགྲོ་བཞིན་མཆིས་པའི་ཚུལ་འདིར་གཞིག་ན་རིགས་ལམ་འདིས་ནང་བསྟན་གཞུང་ལུགས་གཅིག་པུ་ཙམ་མ་ཡིན་པར་རིག་གཞུང་གཞན་ལའང་ངེས་ཤེས་བརྟན་པོ་ཐོབ་པའི་ཐབས་ལམ་ཡག་ཤོས་ཤིག་ཏུ་འགྱུར་བཞིན་ཡོད་པ་ཤེས་ཐུབ་པས། དེས་ན་དེབ་འདི་ཉིད་ཀྱང་བོད་ཀྱི་རིག་གནས་ལ་མོས་བརྩོན་ཆེ་བའི་དང་པོའི་ལས་ཅན་རྣམས་ལ་དམིགས་ནས་བོད་རང་གི་ཁྱད་ཆོས་དང་མཐུན་པ། བསྡུས་གྲྭའི་སྒྲོས་བཞིན་ཁ་གསལ་ཞིང་གོ་བདེ་བ།དགག་སྒྲུབ་ཀྱི་སྤྲོས་པ་ཉུང་བ་སོགས་ཁྱད་ཆོས་དུ་མས་གྲུབ་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།