ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།།《བོད་ཀྱི་རིག་གནས་གསར་དཔྱད་རྩམ་ཟན་སྤྱི་ནོར》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།
༄༅།།《བོད་ཀྱི་རིག་གནས་གསར་དཔྱད་རྩམ་ཟན་སྤྱི་ནོར》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-03-11 09:11:25
ཀློག་གྲངས།:
ཉེ་ཆར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་འཛུབ་སྟོན་དགེ་རྒན་ཤར་བ་ཐོགས་མེད་ཀྱིས་བརྩམས་པའི《བོད་ཀྱི་རིག་གནས་གསར་དཔྱད་རྩམ་ཟན་སྤྱི་ནོར》ཞེས་པ་ད་ལྟ་དངོས་སུ་སྤྱི་ཚོགས་སུ་བཀྲམ་ཡོད།

བརྩམས་ཆོས་འདིར་རྩོམ་པ་པོས་བགྲང་ལོ་བཞི་བཅུའི་རིང་ཞིབ་འཇུག་བྱས་པའི་འབྲས་རྟགས་དང་དཔྱད་གཞིའི་རིན་ཐང་ལྡན་པའི་དཔྱད་རྩོམ་ཁག་ཅིག་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་ཅིང་། བྱེ་བྲག་ཏུ་ཐུན་མོང་རིག་གནས་ཀྱི་གོ་དོན་དང་། རྐྱེན་གྱི་ཡེ་གེ་དང་ཟློས་སྒྲའི་སྐོར། གནས་བཤད་དང་རྟེན་བཤད་ཀྱི་སྐོར། བསྟན་བཅོས་ཀྱི་ཡན་ལག་དང་བོད་འགྱུར་མུ་སྟེགས་ལྟ་བའི་སྐོར། སློབ་གསོ་དང་སློབ་ཁྲིད་ཀྱི་ཐབས་ལམ་སྐོར། དམངས་ཁྲོད་ཡིག་ཚངས་རིག་པའམ་མི་ཆོས་རིག་པའི་སྐོར་གྱི་སྲིད་པའི་ཅང་རྒན་བསྟན་བཅོས་དང་ཞང་ཞུང་ཉི་མ་ཤེས་ལྡན། གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དང་རྫོགས་པ་ཆེན་པོའི་སྐོར་སོགས་འདུ་བ་རེད།
དེབ་འདི་ནི་ནུབ་ལྗོངས་དར་ལམ་རིག་གནས་ཞིབ་འཇུག་ཅེས་པའི་དེབ་ཕྲེང་གི་གྲས་ཡིན་ཞིང་། ད་ལྟ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་དང་འགྲེམ་སྤེལ་བྱས་པའོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།