ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅།། 《ཕུག་ལུགས་རྩིས་ཀྱི་སྐོར་གྱི་བསྟན་བཅོས་ཕྱོགས་བསྒྲིགས་བཞུགས་སོ》(1-7)དཔེ་སྐྲུན་འགྲེམ་སྤེལ་བྱས།
༄༅།། 《ཕུག་ལུགས་རྩིས་ཀྱི་སྐོར་གྱི་བསྟན་བཅོས་ཕྱོགས་བསྒྲིགས་བཞུགས་སོ》(1-7)དཔེ་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།
དུས་ཚོད།:2021-03-01 09:35:16
ཀློག་གྲངས།:

ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བཻཌཱུརྱ་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར།༼སྟོད་ཆ།སྨད་ཆ།༽སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
རྩིས་གཞུང་བཻཌཱུརྱ་དཀར་པོའི་བུ་དཔེ་ཞེས་བྱ་བ་བཞུགས་སོ།།༼སྟོད་ཆ།སྨད་ཆ།༽སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
བསྟན་བཅོས་བཻཌཱུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད་ཅེས་བྱ་བ་བཞུགས་སོ།༼གླེགས་བམ་དང་པོ་དང་གཉིས་པ༽སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
ཕུག་ལུགས་རྩིས་ཀྱི་ལེགས་བཤད་གཙོ་བོར་བྱེད་པའི་གཙུག་ལག་རྩིས་ཀྱི་རི་མོའི་ལག་ལེན་གསལ་བར་བྱེད་པ་རྩིས་རིག་རྣམ་གསལ་འོད་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། འོ་རྫོང་པཎྚི་ཏ་བློ་བཟང་སྤྱིན་པས་མཛད།གཞུང་འདི་ནི་འོ་རྫོང་པཎྚི་ཏ་བློ་བཟང་སྤྱིན་པ་མཆོག་གིས་དུས་རབས་བཅུ་དགུ་བར་མཛད་པ་ཡིན་ཞིང་། ནང་དོན་གཙོ་བོར། དུས་ཀྱི་འཁོར་ལོའི་དགོངས་དོན་ལས་ས་ཆུ་མེ་རླུང་སྣོད་བཅུད་གཉིས་ཀྱི་འཇིག་རྟེན་ཁམས་ལས་ས་དང་གནམ་གྱི་གོ་ལ་དོན་བསྡུས་ཀྱི་དཀྱིལ་འཁོར་ཆགས་ཚུལ་དང་། སྐར་ཁྱིམ་གོ་ལ་བཅུ་གཉིས་བྱུང་ཚུལ། རྒྱུ་སྐར་ཉེར་བདུན་དང་གཟའ་བཅུ་ཡི་གཡས་གཡོན་གྱི་རྒྱུ་བ་དང་འཁོར་འགྲོས། ཉི་མའི་ལྷོ་བྱང་གི་བགྲོད་པ་དང་སྟོན་དཔྱིད་མཉམ་གཉིས། སངས་རྒྱས་ཀྱི་འཁྲུང་ལོ་དང་མཛད་པ། བྱེད་པ་དང་གྲུབ་པའི་ལྔ་བསྡུས་ཀྱི་རྩིས་ལུགས། ཉི་ཟླར་སྒྲ་གཅན་འཇུག་ཚུལ་དང་། དུས་སྦྱོར་གྱི་སྐོར། རེའུ་མིག་འཛིན་ཚུལ་དང་། རྒྱ་རྩིས་གསར་མའི་རྩིས་ལུགས་ལས་ལོ་འགོ་འཛིན་ཚུལ་དང་སྤར་མེ་དབུགས་ཐོབ་འཆར་ཚུལ། རི་ཐུ་འགྲོལ་བ་ལ་ཉེ་བར་མཁོ་བའི་འཕགས་བོད་ཙི་ནའི་སྐད་བརྡ་དང་། དྲུག་ཅུའི་སྐོར་ཏེ་དུས་བསྟན་མེ་ལོང་དང་། དྲང་སྲོང་ཕུར་བུ་སོགས་གཟའ་ལྔས་བསྟན་པའི་རྩིས། རྒྱ་ནག་སྟག་རྣ་ཆུང་བ་དང་། གསར་འགྱུར་དྲུག་ཅུའི་ལོ་བཤད་དེ་རབ་བྱུང་དང་པོ་མེ་ཡོས་ནས་ཟད་བྱེད་མེ་སྟག་བར་གྱི་ལོ་སོ་སོའི་འགྲེལ་བཤད། བྱེད་གྲུབ་ལོ་གཟའ་དང་། ལོ་སྨེ་དབུས་ཞུགས་བལ་པོའི་ཀ་ར་མྱང་རྩིས་ཀྱི་འབྲས་བུ། རྒྱ་ནག་གླང་རྩིས་དང་། དུས་བཞིའི་ཆར་བརྟག མིང་སྐར་ལས་ཡུལ་སྡེ་ཆར་ལུགས། དུ་སོལ་འཁྱུད་པ་དང་། བྱ་ཞག་གནམ་དཔྱད། དབྱར་དགུན་སྡེབ་པ་སོགས་ཉེར་མཁོའི་རྩིས་ལུགས་དང་འབྲས་བུ་བཅས་བཀོད་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།






青公网安备63252102000006号