༄༅།།《དུས་ཀྱི་བྱུང་བ་མདོར་བསྡུས་གསར་མ》བོད་འགྱུར་མ་པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2020-12-07 09:19:33 ཀློག་གྲངས།:
     
       དངོས་ལུགས་རིག་པ་བ་ཧོ་ཁེན་གྱིས་བརྩམས་ཤིང་འཛམ་གླིང་ཧྲིལ་བོར་བྲིན་རྒྱུགས་ཆེ་བའི《དུས་ཀྱི་བྱུང་བ་བརྗོད་པ》ནི་ཚན་རིག་བརྩམས་ཆོས་ཁྲོད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུ་ཞིག་ཏུ་གྲུབ་ཟིན་པ་རེད། དེའི་རྒྱུ་མཚན་ཡང་རྩོམ་པ་པོའི་ཡིད་དབང་འགུག་པའི་ཚིག་གི་བརྗོད་ཚུལ་ལས་གཞན། ད་དུང་ཡང་ཀློག་པ་པོ་དག་ཧ་ལས་པར་བྱེད་པའི་བརྗོད་བྱ་སྟེ། ཕྱོགས་དང་དུས་ཀྱི་རང་བཞིན། འཇིག་རྟེན་གྱི་ཐོག་མའི་བྱུང་བ་དང་མ་འོངས་པའི་ལས་དབང་སོགས་བརྗོད་དོན་ཟབ་མོ་དེ་དག་གི་དབང་གིས་ཡིན་སྲིད། དེ་ལྟ་ན་ཡང་། བརྩམས་ཆོས་དེ་འཇིག་རྟེན་དུ་བལྟམས་ཟིན་པའི་ལོ་ཟླའི་ནང་ཀློག་པ་པོ་གང་མང་ཞིག་གིས་དེབ་དེའི་ནང་གི་ཆེས་གནད་ཆེ་བའི་བརྗོད་བྱ་མང་དག་ཅིག་ནི་ཤིན་ཏུ་གོ་བ་ལོན་དཀའ་བར་འདུག་ཅེས་ཧོ་ཁེན་ལ་ཡང་ཡང་ཞུས་མཐར། རྗེས་སུ་ཁོང་གིས་དུས་ཀྱི་བྱུང་བ་སྔ་མ་དེ་ཉིད་ཀྱི་བརྗོད་བྱ་གཞིར་བྱས་ཏེ། ཆེད་ལས་ཀྱི་ཐ་སྙད་ཉུང་དུ་བཏང་སྟེ་གོ་སླ་བར་བྱས་པ་མ་ཟད་ཞིབ་འཇུག་གི་རྣམ་གྲངས་གསར་བ་འགའ་ཞིག་ཀྱང་ཁ་སྣོན་བྱས་ནས་ད་ལྟའི《དུས་ཀྱི་བྱུང་བ་མདོར་བསྡུས་གསར་མ》ཞེས་པའི་དཔེ་དེབ་འདི་བལྟམས་པ་ལགས་སོ།།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།