༄༅།།《བཀའ་བརྒྱུད་པའི་ལོ་རྒྱུས་གསར་བསྒྲིགས་དབྱར་གྱི་རྔ་གསང་བཞུགས་སོ》ཞེས་པའི་དཔེ་དེབ་པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-06-12 10:56:19 ཀློག་གྲངས།:
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྡེ་དགེ་རྫོང་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི《བཀའ་བརྒྱུད་པའི་ལོ་རྒྱུས་གསར་བསྒྲིགས་དབྱར་གྱི་རྔ་གསང》ཞེས་བྱ་བ་ད་ལྟ་དངོས་སུ་སྤྱི་ཚོགས་ཐོག་འགྲེམ་སྤེལ་བྱས།
སྤྱིར་བཀའ་བརྒྱུད་པའི་ལོ་རྒྱུས་ནི་དེབ་ཐེར་ཆོས་འབྱུང་དང་། བཀའ་བརྒྱུད་གསེར་ཕྲེང་སོགས་རྒྱས་བསྡུས་མང་ཙམ་ཡོད་ཀྱང་དཔེ་དེབ་འདི་ནི། ཁ་གསལ་ཞིང་བལྟ་བདེ་བ་དང་། རྒྱས་བསྡུས་འཚམས་པ། ཁུངས་ཡོད་རྣམས་ཕྱོགས་གཅིག་ཏུ་སྡེབ་ཅི་ཐུབ་དང་། ཁ་སྐོང་ཕྲན་བུ་ཡང་སྣོན་གང་ཐུབ་བྱས་ཏེ། ལོ་རྒྱུས་སྐོར་རྐྱང་བ་ལས་ལྟ་སྒོམ་གྲུབ་མཐའི་རྣམ་བཞག་སོགས་བཀོད་མེད་པས། འདི་ནི་བློ་གསར་རྣམས་འཇུག་པའི་སྒོ་ལྟ་བུར་དམིགས་ནས་ཆེད་དུ་བསྡུ་སྒྲིག་བྱས་པ་ཞིག་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།